རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་ཁྲོད་མ་སུ་རི་བོད་ཁྱིམ་སློབ་གྲྭའི་ནང་བརྒྱ་ཆ་དགུ་བཅུ་གོ་ལྔ་ལོན་མཁན་སློབ་མ་ཉི་ཤུ་རྩ་གསུམ་བྱུང་འདུག

འདི་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཐོན་ཡོད་པའི་ནང་མ་སུ་རིའི་བོད་ཁྱིམ་སློབ་གྲྭའི་ཚོང་རིག་སྡེ་ཚན་ནས་སློབ་མ་༣ དང་། ཚན་རིག་སྡེ་ཚན་ནས་༤ སྒྱུ་རྩལ་སྡེ་ཚན་ནས་སློབ་མ་༡༦ བཅས་ཁྱོན་སློབ་མ་༢༣ གྱིས་སྦྱངས་འབྲས་བརྒྱ་ཆ་དགུ་བཅུ་གོ་ལྔ་ཡན་བླངས་འདུག དེ་ཡང་སློབ་གྲྭ་འདིའི་སློབ་མ་རྣམས་ཀྱི་རྒྱུགས་འབྲས་བརྒྱ་ཆ་ཚད་མཐོན་པོ་ལོན་པ་ཙམ་མ་ཡིན་པར་སློབ་གྲྭ་སྤྱི་ཡོངས་ཀྱི་སློབ་མའི་ཤེས་ཡོན་གྱི་གནས་ཚད་ཡག་པོ་ཡོད་པའི་རྒྱུ་མཚན་ནི་དོ་བདག་རང་ཉིད་ཀྱི་འབད་བརྩོན་དང་། དགེ་ལས་ཡོངས་ཀྱིས་སློབ་མའི་བསམ་བློའི་གནས་ཚད་མཐོ་རུ་གཏོང་ཐབས་ལ་གཙོ་བོ་འབད་བརྩོན་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་རེད་ཅེས་གསུང་ཡོད་པའི་སྐོར་གསར་འགོད་པ་བློ་བཟང་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུས་པ་གསན་རོགས་གནང་།
གསར་འགོད་པ། བློ་བཟང་།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།