བོད་མི་ཞི་རྒོལ་བར་སྒོར་ཁྲི་གསུམ་ཙམ་གྱི་ཉེས་ཆད་དང་གློད་བཀྲོལ།


2014.04.02
བལ་ཡུལ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ལས་འགུལ་སྤེལ་མཁན་བོད་མི་ཚོ༢༣རྗེས་གློད་བཀྲོལ་ཐོབ་སྐབས། ༢༠༡༤།༤།༡ བལ་ཡུལ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ལས་འགུལ་སྤེལ་མཁན་བོད་མི་ཚོ༢༣རྗེས་གློད་བཀྲོལ་ཐོབ་སྐབས། ༢༠༡༤།༤།༡
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

བལ་ཡུལ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ལས་འགུལ་སྤེལ་མཁན་བོད་མི་ཚོར་བལ་སྒོར་ཁྲི་གསུམ་ལྷག་ཉེས་ཆད་བཏང་ནས་གློད་བཀྲོལ་བཏང་འདུག
དེ་ཡང་ཉེ་བའི་ཟླ་༣པའི་ཚེས༡༠བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་བལ་ཡུལ་ནང་དམ་བསྒྲཌ་ཡོད་མིན་ལ་མ་ལྟོས་པར། རྒྱལ་ས་ཀ་ཐ་མན་ཀྲོའུ་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཡན་ལག་མཐོང་མཆན་ལས་ཁུངས་དང་། ཤིན་ཧ་གསར་ལས་ཁང་ཡོད་སར་གློ་བུར་བོད་དོན་ཞི་བའི་སྐད་འབོད་བྱས་རྗེས་འཇུ་བཟུང་བྱས་བའི་བོད་མི་ཕོ་མོ་མི་གྲངས་ལྔ་བོ་ད་བར་གྱི་ཉིན་གྲངས་༢༣རིང་བཀག་ཉར་བྱས་རྗེས་སྤྱི་ཟླ་༤བའི་ཚེས་༡ཉིན་མི་རེར་བལ་སྒོར་༦༠༠༠དང་བསྡོམས་པས་བལ་སྒོར་ཁྲི་གསུམ་ལྷག་གི་དཔལ་འབྱོར་གྱི་ཉེས་ཆད་བཏང་ནས་གློད་བཀྲོལ་བཏང་ཡོད་པ་དང་། སྐབས་དེར་བོད་མི་ཁག་གཅིག་གིས་ཁོང་ཚོར་སྣེ་ལེན་དང་དགའ་བསུའི་ཁ་བཏགས་འཐེན་ཡོད་པ་རེད། བོད་མི་ཁོང་ཚོ་འཛིན་བཟུང་བྱས་བ་ནས་ད་བར་ཐག་གཅོད་གང་ཡང་མ་བྱས་བར་བཀག་ཉར་བྱས་བ་དང་། དེ་ནི་ཁོང་ཚོས་ཉེ་བའི་ གསུམ་བཅུའི་དུས་དྲན་ཉིན་ལག་ལ་བོད་ཀྱི་རྒྱལ་དར་འཕྱར་བཞིན་བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག བོད་མི་ཚོར་རང་དབང་སྤྲོད་རོགས། མཉམ་སྦྲེལ་རྒྱལ་ཚོགས་ང་ཚོར་དྲང་བདེན་དགོས་ཟེར་བ་སོགས་ཀྱི་རྔམ་སྟོན་སྐད་འབོད་བྱས་སྐབས་འཛིན་བཟུང་བྱས་བ་ཡིན་པ་རེད།
ཁོང་ཚོ་ནི་བོད་མི་བསོད་ནམས་བཀྲ་ཤིས་དང་། བསོད་ནམས་ཆོས་སྒྲོན། སྐལ་བཟང་ཀུན་སྒྲོན། མིག་དམར། ཨ་དར་ལེགས་བཅས་ཡིན་པ་རེད།
སྤྱིར་བཏང་རྒྱ་ནག་གི་མངོན་ལྐོག་གཉིས་ཀྱི་གནོན་ཤུགས་ལ་བརྟེན་བལ་ཡུལ་གཞུང་གིས་དུས་རྒྱུན་རྒྱ་ནག་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་དང་མཉམ། བལ་ཡུལ་ནང་གི་བཙན་བྱོལ་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་དང་། ཟླ༤བའི་ཚེས༡ཉིན་ HRW ཞེས་ཨ་མི་རི་ཀའི་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོགས་ཚོགས་པས་བལ་ཡུལ་ནང་གི་བོདམི་སྐྱབས་བཅོལ་བའི་གནས་སྟངས་སྐོར་ལ་སྙན་ཐོ་གསར་བ་ཞིག་བཏོན་ནས་གསར་འགོད་གསལ་བསྒྲགས་སྤེལ་སྐབས། བལ་ཡུལ་གཞུང་ལ་རྒྱ་ནག་གི་གནོན་ཤུགས་རྐྱེན་པས་བལ་ཡུལ་ནང་གི་བོད་མི་ཚོ་གང་བྱུང་དོ་དམ་བཀག་ཉར་དང་། གཅར་རྡུང་། བོད་མི་བྲོས་བྱོལ་བ་བཙན་ཤེད་འཇུ་བཟུང་དང་། རྒྱ་ནག་ལ་རྩིས་སྤྲོད་སོགས་ཀྱི་ཉེན་ཁ་དང་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པའི་སྐོར་ གསལ་འདོན་གནང་ཡོད་པ་དང་། བལ་ཡུལ་རྒྱལ་ནང་དུ་བོད་མི་སྐྱབས་བཅོལ་བ་མི་གྲངས་ཁྲི་གཉིས་ཙམ་ཡོད་པ་རེད།

གསར་འགོད་པ་ཀླུ་འབུམ

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎