ལྷ་སར་མགྲོན་ཁང་གསར་རྒྱག་བྱེད་འཆར་ལ་ངོ་རྒོལ།


2013.11.05
དབྱིན་ཡུལ་གྱི་World Travel Marketམདུན་ལྷ་སར་མགྲོན་ཁང་གསར་རྒྱག་བྱེད་འཆར་ལ་ངོ་རྒོལ་བྱེད་བཞིན་པ། ལྷ་སར་མགྲོན་ཁང་གསར་རྒྱག་བྱེད་འཆར་ལ་ངོ་རྒོལ།
པར། བོད་རང་དབང་ཚོགས་པ།

བོད་ཀྱི་རྒྱལ་ས་ལྷ་སའི་ནང་IHGཚན་པས་མགྲོན་ཁང་གསར་རྒྱག་བྱེད་རྒྱུའི་འཆར་གཞིར་བོད་རང་དབང་ཚོགས་པ་དང་སློབ་ཕྲུག་ཚོགས་པས་ངོ་རྒོལ་བྱས་འདུག

དེ་ཡང་InterContinental Hotels and Resorts ཞེས་བའི་ཚོང་དོན་ཚན་པས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་། ཁང་མིག་༡༠༠༠ ཙམ་ཡོད་པའི་རྒྱས་སྤྲོས་ཅན་གྱི་མགྲོན་ཁང་ཆེན་པོ་ཞིག་གསར་རྒྱག་བྱེད་རྒྱུའི་འཆར་གཞི་ཡོད་པ་དེར་ཚེས་༥ཉིན་བོད་རང་དབང་ཚོགས་པ་དང་། བོད་རང་དབང་སློབ་ཕྲུག་ཚོགས་པས་དབྱིན་ཇི་རྒྱལ་ས་ལོན་ཊོན་ནས་འབྲེལ་ཡོད་ཚོང་ལས་སྡེ་ཚན་དང་། འགྲེམ་སྟོན་ཡོད་སར་འཕྲེད་དར་བསྒྲེངས་བ་སོགས་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

ཚོགས་པ་དེའི་འགན་འཛིན་Eleanor Rosengren ནས་བརྗོད་དོན། ཚོང་དོན་ཚན་པ་དེས་བོད་འདི་འཛམ་གླིང་ལ་བཙོང་རྒྱུའི་དམིགས་ཡུལ་འཛིན་གྱི་ཡོད་པ་རེད། ལྷ་ས་ནི་ཕྱུགས་བདག་ཚོས་སྤྲོ་སྐྱིད་གཏོང་ཡུལ་མ་ཡིན་པར་རྒྱ་ནག་གི་བཙན་གནོན་འོག་སྲུང་སྐྱོབ་དམ་དྲག་ཤུགས་ཆེ་བྱེད་ཡུལ་གྱི་ས་ཆ་ཞིག་རེད། ང་ཚོས་ཚན་པ་དེར་བློ་འཚབ་ཡོད་པ་གསལ་པོ་བཤད་ཀྱང་དེར་ཡ་ལན་མེད་པར་ཚོང་གི་བསམ་བློ་གཅིག་པུ་བཏང་ནས་མ་འོངས་པར་ས་གནས་དེར་དཀའ་ངལ་འཕྲད་རྒྱུའི་ཉེན་ཁ་ཡོད་པར་བསམ་ཤེས་བྱེད་ཀྱི་མེད་སྟབས། ང་ཚོས་རྒྱལ་སྤྱིའི་སྟེང་གནས་སྟངས་དེ་གསལ་པོ་ངོ་སྤྲོད་ཆེད་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་ཟེར།

གོང་ཞུས་ཚོང་དོན་ཚན་པ་དེའི་མགྲིན་ཚབ་པས། མགྲོན་ཁང་དེ་ལྷ་སར་རྒྱབ་པའི་སྐབས་ལས་བྱེད་འདེམས་རྒྱུ་དང་། གཞན་ཡང་གནས་སྟངས་རྣམས་ཚད་དང་ལྡན་པ་ཞིག་ཡོང་ཐབས་བྱེད་རྒྱུ་ཡིན་ཞེས་ལན་འདེབས་བྱེད་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎