༧གོང་ས་མཆོག་ཨ་རིར་ཕེབས་བསུའི་གྲ་སྒྲིག་གནང་བཞིན་འདུག


2014.02.12
༧གོང་ས་མཆོག་ཨ་རིའི་marrylandམངའ་སྡེ་ལ་ཕེབས་སྐབས། ༢༠༡༣།༥།༧ ༧གོང་ས་མཆོག་ཨ་རིའི་marrylandམངའ་སྡེ་ལ་ཕེབས་སྐབས། ༢༠༡༣།༥།༧
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། ཀླུ་འབུམ།

༧གོང་ས་མཆོག་མི་རིང་བར་ཨ་མི་རི་ཀར་ཕེབས་གཏན་འཁེལ་བར་ས་གནས་བོད་མི་ཚོས་ཕེབས་བསུའི་གྲ་སྒྲིག་གནང་བཞིན་པ་རེད་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་ཟླ་བ་འདིའི་ཟླ་མཇུག་ཙམ་ལ་ཨ་རིའི་ནུབ་ཕྱོགས་Californiaམངའ་སྡེ་ནང་ཆིབས་བསྒྱུར་བསྐྱངས་རྒྱུ་ཡིན་པའི་གོང་དེར། ཁུལ་དེའི་བོད་རིགས་ཚོགས་མི་དང་བླངས་པ་ཚོས་ཉིན་ལྟར་བྱང་ཀེ་ལི་ཕོར་ནི་ཡའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་ཁང་ལ་ཉམས་བཟོ་དང་གཙང་སྦྲ་སོགས་ཕེབས་བསུའི་གྲ་སྒྲིག་གནང་བཞིན་པ་རེད། བྱང་ཀེ་ལི་ཕོར་ནི་ཡའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དཀོན་མཆོག་བཀྲིས་ལགས་ཀྱིས་༧གོང་ས་མཆོག་གིས་ཚོགས་ཁང་ནང་གི་ཆོས་ཁང་གསར་པར་རབ་གནས་བཀྲིན་ཆེ་གནང་མཛད་རྒྱུ་ཡིན་པར་བརྟེན། དང་བླངས་པ་ཚོས་བྲེལ་འཚུབ་ངང་གྲ་སྒྲིག་ཞུ་བཞིན་ཡོད་ཅེས་བརྗོད་འདུག
བྱང་ཀེ་ལི་ཕོར་ནེ་ཡའི་བོད་རིགས་མཐུན་ཚོགས་ཀྱི་སྤྱི་པའི་ཚོགས་ཁང་དེ་ཐོག་བརྩེགས་གསུམ་ཡོད་པ་དང་། ད་ཕན་ལོ་༢༠རིང་དཔལ་འབྱོར་གསོག་སྒྲུབ་གནང་ནས་ཚོགས་ཁང་དེར་ཨ་སྒོར་ས་ཡ་གཅིག་དང་འབུམ་གཅིག་གི་མ་གནས་ཐོག་ཉོ་སྒྲུབ་གནང་ཡོད་ཅིང་། ཚོགས་ཁང་དེའི་ནང་གི་ཆོས་ཁང་ལྟེ་བའི་ནང་རྒྱལ་བའི་བཀའ་བསྟན་དང་སྐུ་གསུངས་ཐུགས་རྟེན་མང་པོ་བཞུགས་སུ་གསོལ་ཡོད་པ་དེར་༧གོང་ས་མཆོག་གིས་རབ་གནས་བཀྲིན་ཆེ་གནང་མཛད་རྒྱུ་ཡིན་པ་རེད།
གཞི་རྩའི་ཁུལ་དེར་ཟླ་བ་འདིའི་ཚེས་༢༣ཉིན་ཞི་བདེ་བསྐྲུན་ཐབས་སྐོར་ལ་༧གོང་ས་མཆོག་གིས་མང་ཚོགས་ཚོར་བཀའ་སློབ་སྩལ་གནང་མཛད་ཀྱི་ཡོད་པར་དེའི་འཛིན་བྱང་༣༠༠༠ཡོད་པ་ཆ་ཚང་ཕྱི་ཟླ་༡པོའི་ཚེས་༢༥ཉིན་ཚོང་འགྲེམས་ཟིན་འདུག
མཛད་འཆར་ལྟར་ན། ཕྱི་ཟླ་གཉིས་པའི་ཚེས་༢༢ ཉིན་ཨ་རིའི་མངའ་སྡེ་aliforniaའི་གྲོང་ཁྱེར་San Freanciscoནང་མི་དམངས་ལ་བཀའ་སློབ་སྩལ་རྒྱུ་དང། ཚེས་༢༣ ཉིན་མངའ་སྡེ་དེའི་གྲོང་ཁྱེར་Berkeleyནང་འགྲོ་བ་མིའི་སེམས་རྒྱུད་དུ་ཞི་བདེ་ཇི་ལྟར་སྐྲུན་ཐབས་སྐོར་མི་དམངས་ལ་བཀའ་སློབ་སྩལ་རྒྱུ། ཕྱི་ཚེས་༢༤ ཉིན་མངའ་སྡེ་དེའི་གྲོང་ཁྱེར་Sata Clara ནང་ཚོགས་རྒྱུའི་བྱམས་བརྩེ་དང་ཚོང་ལས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་མཛད་རྒྱུ། ཕྱི་ཚེས་༢༥ ཉིན་མངའ་སྡེ་དེའི་གྲོང ཁྱེར་Los Angeles ནང་དུ་དུས་རབས་༢༡ དེའི་ནང་དུ་འཚེ་མེད་ཞི་བདེ་དང་བྱམས་བརྩེའི་ཕན་ཡོན་ཞེས་པའི་ཐོག་མི་དམངས་ལ་བཀའ་སློབ་སྩལ་གནང་རྒྱུ་ཡིན་པ་རེད། དེ་ནས་ཕྱི་ཟླ་གསུམ་པའི་ཚེས་༡ ཉིན་ཨ་མི་རི་ཀའི་མངའ་སྡེ་Minnesotaཡི་གྲོང་ཁྱེར་Minneapolis ནང་སྐོང་ཚོགས་གནང་རྒྱུའི་འཛམ་གླིང་ནང་གི་མཚན་སྙན་ཆེ་བའི་Nobel ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་བགྲོ་གླེང་ལྷན་ཚོགས་ཐེངས་༢༦པའི་ཚོགས་མགོན་དུ་ཆིབས་བསྒྱུར་མཛད་རྒྱུ་དང། ཕྱི་ཚེས་༢ ཉིན་བོད་ཤིང་རྟ་ལོའི་ལོ་གསར་ཚེས་གཅིག་གི་སྔ་དྲོ་བོད་ཀྱི་ལོ་གསར་གྱི་མཛད་སྒོར་ཞབས་སོར་འཁོད་རྒྱུ་དང་། ཉིན་གུང་རྒྱབ་ཏུ་གྲོང་ཁྱེར་དེའི་ནང་དུ་ཡོད་པའི་མཐོ་སློབ་ཁང་ཞིག་ཏུ་བདེ་སྐྱིད་ཀྱི་ཆོས་ཉིད་དང་བདེ་སྐྱིད་སྐྲུན་ཐབས་སྐོར་ལ་བཀའ་སློབ་སྩལ་རྒྱུ་དང། དེ་ནས་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཡོད་པའི་ཡེ་ཤུའི་ཆོས་ཁང་ཆེན་མོ་དང་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཕྱི་ཟླ་གསུམ་པའི་ཚེས་༧ ཉིན་རྒྱལ་ས་ཝ་ཤིང་ཀྲོན་དུ་འཛམ་གླིང་གི་འགྲོ་བ་མི་སྤྱི་ཡོངས་ལ་ཁྱབ་པའི་བཟང་སྤྱོད་སྐོར་ལ་བཀའ་སློབ་སྩལ་རྒྱུའི་མཛད་འཆར་ཡོད་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎