བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༥ པའི་དམིགས་ཡུལ་དང་གྲུབ་དོན།

2022.04.12
བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༥ པའི་དམིགས་ཡུལ་དང་གྲུབ་དོན། བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༥ པའི་དམིགས་ཡུལ་དང་གྲུབ་དོན།
བཀྲིས་དབང་ཕྱུག

བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༥ པ་འདི་བཞིན་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་སོ་ལན་བོན་གཞིས་ཐོབ་རྒྱལ་གསར་པའི་ནང་རྟེན་གཞི་བྱས་པའི་དཔལ་གཤེན་བསྟན་སྨན་རི་གླིང་དུ་ ༢༠༢༢ ཟླ་ ༤ ཚེས་ ༡༠ ནས་ ༡༥ བར་ཚོགས་བཞིན་ཡོད་ཅིང་། མཐོ་སློབ་ ༢༤ ཙམ་ནས་མཉམ་ཞུགས་པ་ ༩༠ ཙམ་ཕེབས་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཚོགས་ཆེན་གྱི་དམིགས་ཡུལ་དང་གྲུབ་དོན། མ་འོངས་བྱེད་སྒོ་བཅས་ཀྱི་སྐོར་གླེང་མོལ་ཆེད་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཤེས་རབ་གྲགས་པ་ལགས་དང་། སྤྱི་ཁྱབ་འབྲེལ་མཐུད་པ་ཐུབ་བསྟན་རབ་བརྟན་ལགས། ཞིབ་འཇུག་ཚོགས་ཆུང་གི་ཚོགས་གཙོ་བློ་བཟང་ཚེ་དཔག་ལགས་བཅས་གདན་ཞུས་ཀྱིས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་འགན་འཛིན། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎