སུད་ཌེན་ནང་རྒྱ་ནག་གི་གསང་མྱུལ་བ།


2018.04.18
སུད་ཌེན་ནང་རྒྱ་ནག་གི་གསང་མྱུལ་བ། སུད་ཌེན་ནང་གནས་སྡོད་བྱེད་མཁན་བོད་པ་ཞིག་ལ་གསང་མྱུལ་གྱི་དོགས་གཞིའི་སྐོར་གནས་ཚུལ་ཞིག་ཐོན་ཡོད་པ།
ཨེ་ཨེཕ་པི།

༄༅༎རང་ཡུལ་བཞག་ནས་གཞན་ཡུལ་དུ་འཚོ་བ་བསྐྱེལ་དགོས་བྱུང་བ་ནི་བོད་མི་སྐྱབས་བཅོལ་བའི་ལས་དབང་ཞིག་ཡིན་པ་དང་།འཛམ་གླིང་ཡུལ་གྲུ་གཞན་དང་འདྲ་བ་ཡུ་རོབ་སུད་ཌེན་ལུང་པའི་ནང་དུའང་བོད་པ་སྐྱབས་བཅོལ་བ་ཐོག་མ་དེ་སྤྱི་ལོ་༡༩༦༠ལོ་ཙམ་ནས་བཟུང་རིམ་བཞིན་འབྱོར་ཏེ། ད་ལྟའི་ཆར་ཡུལ་གྲུ་དེའི་ནང་བོད་པ་མི་གྲངས་༡༤༠ལྷག་ཙམ་ལས་མེད་ཀྱང་།ཉེ་ཆར་རྒྱལ་སྤྱིའི་བརྒྱུད་ལམ་འགའ་ཤས་ནང་སུད་ཌེན་ནང་གནས་སྡོད་བྱེད་མཁན་བོད་པ་ཞིག་ལ་གསང་མྱུལ་གྱི་དོགས་གཞིའི་སྐོར་གནས་ཚུལ་ཞིག་ཐོན་ཡོད་པ་རེད། དེ་རིང་ཁ་བའི་གྲོས་རའི་ལེ་ཚན་འདིའི་ནང་།སུད་ཌེན་ནང་གི་བོད་མིའི་གནས་བབས་སྤྱི་དང་ཡང་སྒོས་བོད་པ་དེ་དག་གིས་བོད་ཀྱི་རྩ་དོན་ཐོག་ཐུགས་འཁུར་དང་ལྷག་བསམ་ཇི་ཡོད་སོགས་ཀྱི་སྐོར། སུད་ཌེན་བོད་རིགས་ཚོགས་པའི་ཚོགས་གཙོ་འཇམ་དབྱངས་ཆོས་སྒྲོན་ལགས་དང་།ཚོགས་གཞོན་ཟུར་པ་འཕྲིན་ལས་དོན་འགྲུབ་ལགས།ཚོགས་མི་བློ་བཟང་ལགས་བཅས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་དང་བགྲོ་གླེང་གནང་པ་དེ་གསན་རོགས་གནང་།།
གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎