བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་བསྐྱོད་ལས་འགུལ།
2024.10.01
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་བསྐྱོད་ལས་འགུལ་བ་རྣམས་ལྡི་ལིར་འབྱོར་ཡོད་པ་དང་། ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས་རྒྱ་གར་ས་གནས་གཞུང་གིས་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན་ལས་འགུལ་སྤེལ་རྒྱུའི་ཆོག་ཆན་ཕྱིར་འཐེན་བྱེད་མིན་མ་ལྟོས་པར་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་གསུང་ཡོད་པ་སོགས་ཀྱི་སྐོར་ལ། བསོད་ནམས་ལྷ་མོས་གནས་ཚུལ་སྙན་སྒྲོན་ཞུས་པར་གསན་རོགས།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།