སུད་སི་གྲོང་ཁྱེར་ལཱུ་ཛན་ནང་ཁྲག་གི་ལས་འགུལ་ཟེར་བ་ཞིག་སྤེལ་འདུག
2021.02.04
ཕྱི་ཚེས་༣ཉིན་སུད་སི་གྲོང་ཁྱེར་ལཱུ་ཛན་ནང་ཆགས་པའི་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ཚོགས་ཆུང་གི་ལས་ཁུངས་མདུན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་དང་ཡུ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ནས་ལོ་གཅིག་རྗེས་ཚོགས་གཏན་འཁེལ་བའི་པེ་ཅིང་ཨོ་ལིམ་པིཀསི་དགུན་དུས་ལུས་རྩལ་འགྲན་ཚོགས་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག འདིའི་སྐོར་ང་ཚོའི་ས་གནས་གསར་འགོད་པ་བསོད་ནམས་སྒྲོལ་དཀར་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།