སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་སྐུ་གྲོངས་ཡོད་པ།
2016.01.30

གཞོན་ནུ་ལྷན་ཚོགས།
༄༅། །བོད་མི་མང་བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཡུན་རིང་ནས་སྙུང་སྟེ་སྨན་ཁང་དུ་སྨན་བཅོས་བྱེད་ཀྱང་ཕན་འབྲས་མ་འབྱུང་བར་ཟླ་འདིའི་ཕྱི་ཚེས་༣༠ཉིན་སྐུ་གྲོངས་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎
༄༅། །ཐེངས་འདིའི་གཞིས་བྱེས་བོད་མི་ཟེར་བའི་ལེ་ཚན་ནང་སྤྱི་འཐུས་ཚོགས་གཙོ་ཟུར་པ་དང་བཀའ་བརྒྱུད་སྤྱི་འཐུས་ལས་ཐོག་ཀརྨ་ཆོས་འཕེལ་ལགས་ཡུན་རིང་སྙུང་གཞིའི་རྐྱེན་གྱིས་ད་རེས་སྤྱི་ལོི་༢༠༡༦ཟླ་༡ཚེས་༣༠ཉིན་སྐུ་འདས་གྲོངས་སོང་ཡོད་པ་དང་འབྲེལ་ཁོང་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་ཡོད་ཁག་ཅིག་ལ་ཚེ་དབང་ནོར་བུས་བཅའ་འདྲི་ཞུས་ནས་ཕྱོགས་སྒྲིག་བྱས་པའི་ལེ་ཚན་དེ་གསན་རོགས་གནང་།