༸གོང་ས་མཆོག་གིས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་རྣམས་ལ་རྗེ་ཙོང་ཁ་པ་ཆེན་པོའི་བསྟོད་པ་དང་། ལྷ་མོའི་འཕྲིན་སྐུལ་གྱི་ལྗགས་ལུང་སྩལ་བ།

དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཕྱི་ཟླ་༧ཚེས་༥ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་བཅུ་གསུམ་ཙམ་ལ་མཇལ་ཁ་སྩལ་ཡོད་པ་དང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་རྗེ་ཙོང་ཁ་པ་ཆེན་པོའི་བསྟོད་པ་དང་། ལྷ་མོའི་འཕྲིན་བསྐུལ་གྱི་ལྗགས་ལུང་སྩལ་ཡོད་པ་རེད། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་མགོན་པོ་མཆོག་རྗེ་རིན་པོ་ཆེ་དང་སེམས་ཐག་ཉེ་པོ་ཡོད་པ་དང་གང་ལྟར་རྗེའི་བསྟན་པ་ལ་ཞབས་འདེགས་རླབས་པོ་ཆེ་སྒྲུབ་ཡོད་སྐོར་དང་། ད་དུང་ཡང་བསྟན་པ་སྤྱི་བྱེར་ཞབས་འདེགས་མུ་མཐུད་གནང་རྒྱུ་ཡིན་པ་བཀའ་སྩལ་བ།
ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བར་སྐབས་ང་ཚོ་དཀའ་ངལ་མང་པོ་མྱངས་ཡོད་ཀྱང་། རིམ་པས་བདེན་པའི་མཐའ་སེལ་རྒྱུ་བརྒྱ་ཆ་བརྒྱ་ཐམ་པ་ཐག་ཆོད་པ་རེད་ཅེས་བཀའ་སྩལ་ཡོད་པ་རེད། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་ཟླ་བ་བཟང་པོ་ལགས་ཀྱིས་ད་རེས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཕྱི་ཟླ་ ༧ ཚེས་ ༥ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་ནས་སེམས་དགའ་ཚོར་ཆེན་པོ་བྱུང་ཡོད་པ་གསུང་གི་འདུག།
གསར་འགོད་པ། པ་སངས་ཚེ་རིང།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།