དགའ་ལྡན་གྲྭ་བག་གྲོ་ལགས་ཀྱིས་ལོ་༣༠འི་རིང་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

2022.04.01
དགའ་ལྡན་གྲྭ་བག་གྲོ་ལགས་ཀྱིས་ལོ་༣༠འི་རིང་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།
གྲྭ་བག་གྲོ་ལགས་ཀྱི་ངོ་དེབ།

༄༅།། ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་སྐབས་སུ་བབ་པའི་གླེང་བྱ་ནི། བོད་ཀྱི་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ལགས་ཀྱིས་འདས་པའི་མི་ལོ ༣༠འི་རིང་རྒྱ་གར་དང་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་བོད་དོན་ཆེད་དུས་ནས་དུས་ནས་ཁེར་རྐྱང་གིས་སྤེལ་དང་སྤེལ་བཞིན་པའི་ངོ་རྒོལ་ལས་འགུལ་གྱི་བརྒྱུད་རིམ་དང་མྱངས་ཚོར། དེ་བཞིན་ཁོང་གིས་བརྩམས་པའི་དེབ་དང་རྩོམ་སྒྲིག་གནང་བའི་དེབ་བཅོ་ལྔའི་སྐོར་དང་། ཁོང་གི་འཚོ་རྟེན་དང་མ་འོངས་འཆར་གཞི་སོགས་ཀྱི་ཐད་དགའ་ལྡན་གྲྭ་བག་གྲོ་ཁོང་དང་མཉམ་དུ་བགྲོ་གླེང་བྱས་པར་ཉན་རོགས་གནོངས།
གསར་འགོད་པ། སྟག་ལྷ་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎