༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་པ་རྣམ་ཐར་གླེང་བ།

2023.08.12
༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་པ་རྣམ་ཐར་གླེང་བ།
Tibet.net

༧སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་འདི་ལོ་ཕྱི་ལུགས་ལྟར་དགུང་གྲངས་ ༨༡ ལ་ཕེབས་པའི་འཁྲུངས་སྐར་ཉིན་མོ་དང་བསྟུན། སྤྱི་ཟླ་༨པའི་ཚེས་༨ཉིན་༧སྐུ་འཁྲུངས་ཡུལ་གཟའ་རུ་རོང་འབྲོག་གཉིས་ཀྱི་མང་ཚོགས་ཀྱིས་གོ་སྒྲིག་ཞུས་ཏེ།  བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད། རིན་པོ་ཆེ་མཆོག་ནི་བོད་ཕྱི་ནང་གཉིས་སུ་གུས་བརྩི་ཧ་ཅང་ཆེན་པོ་ཞུ་ཡུལ་གྱི་མདོ་སྨད་ཕྱོགས་ནས་བླ་ཆེན་ཞིག་དང་རྔ་པ་ཀིརྟི་ཁུལ་གྱི་དབུ་བླ་ཡིན་པ་དང་།  རིན་པ་ཆེས་ཁོང་གི་གཟིགས་སྐྱོང་འོག་ཚུད་པའི་བོད་ནང་གི་དགོན་ཁག་ ༣༨ ཙམ་ལ་ཇི་ལྟར་དུས་ནས་དུས་སུ་བཅའ་ཡིག་དང་ལམ་སྟོན་གནང་འབྲས་སུ་དགོན་པ་ཁག་ཏུ་བཤད་སྒྲུབ་གཉིས་ལྡན་གྱི་བསླབ་པ་སློབ་གཉེར་དང་ཐོས་བསམ་སྒོམ་གསུམ་དང་ཡ་མ་བྲལ་བའི་སློབ་གཉེར་གྱི་བསྟི་གནས་སུ་སྐྲུན་ཐབས་ཐད་མཛད་པ་རླབས་ཆེན་གནང་ཡོད་པ་མ་ཟད།  བོད་ནང་ས་བྱི་ཞི་རྒོལ་གྱི་གྱེན་ལངས་བྱུང་པའི་སྐབས་དང་དེའི་སྔ་རྗེས་སུ་རྒྱ་ནག་དབུས་གཞུང་དང་ས་གནས་དཔོན་རིགས་ཚོར་ཡིག་ཐོག་ནས་སྙན་ཞུ་གནང་པ་བརྒྱུད་ས་གནས་བོད་མིའི་བདེ་སྡུག་ལ་གཟིགས་སྐྱོང་གནང་ཡོད་པ་ཀིརྟི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་སྤྱི་རྒན་སོ་རུ་དར་རྒྱས་ལགས་ཀྱིས་གསུངས་བྱུང་།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  སློབ་སྤྱི་སོ་རུ་དར་རྒྱས་ལགས་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱི་དབར་གླེང་མོལ་ཞུས་པ་འདི་གསན་རོགས་གནང་།

གསར་འགོད་པ། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎