ལ་དྭགས་སྤྱི་ཁྱབ་ཏུ་ལོ་ན་ ༣༠ ལ་སོན་པ་བཀྲིས་དོན་གྲུབ་ལགས་འོས་འདེམས་བྱུང་པ་ཁོང་དགུང་ལོ་ཆུང་ཤོས་ཤིག་ཆགས་ཡོད།
ལ་དྭགས་བོད་མིའི་གཞིས་ཆགས་ནི་རྒྱ་གར་ནང་བོད་མིའི་གཞིས་ཆགས་དང་ཁ་འཐོར་བོད་མིའི་གནས་སྡོད་ཁོངས་ནས་མི་འབོར་མང་ཤོས་གནས་ཡུལ་གྱི་བོད་མིའི་གཞིས་ཆགས་ཤིག་ཡིན་ཞིང་། དེའི་ཁྱབ་ཁོངས་བསོད་ནམས་གླིང་བོད་མིའི་གཞིས་སྒར་ཁག་ ༡༢ དང་འཕགས་བོད་ས་མཚམས་ཉེ་འགྲམ་དུ་ཆགས་པའི་ལ་དྭགས་བྱང་ཐང་ས་ཁག་ ༩ བཅས་ཡོད་པ་དེ་དག་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ལ་དྭགས་སྤྱི་ཁྱབ་ལས་ཁུངས་ཀྱི་འོག་ཏུ་གཟིགས་རྟོགས་གནང་བཞིན་ཡོད་པ་རེད་ལ། ཉེ་ཆར་ལ་དྭགས་སྤྱི་ཁྱབ་སྟེ་ས་གནས་འགོ་འཛིན་གྱི་འོས་བསྡུའི་ཁྲོད་ས་གནས་མང་ཚོགས་ཀྱིས་དོ་འཁུར་ཆེན་པོས་འོས་བསྡུ་གནང་སྟེ། ལ་དྭགས་སྤྱི་ཁྱབ་ཏུ་ལོ་ན་ ༣༠ ལ་སོན་པ་བཀྲིས་དོན་གྲུབ་ལགས་འོས་འདེམས་བྱུང་ཡོད་ཅིང་། ཁོང་ནི་ད་བར་གྱི་ས་གནས་འགོ་འཛིན་དུ་འོས་འདེམས་བྱུང་པ་ལོ་ན་ཆུང་ཤོས་དེ་ཆགས་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ལ་སྤྱི་བདམས་ཐོན་བཀྲིས་དོན་གྲུབ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།