བྱང་ཨ་རིའི་ས་གནས་གཞོན་ནུའི་འགན་འཛིན་ལྷན་ཚོགས།


2018.06.25
བྱང་ཨ་རིའི་ས་གནས་གཞོན་ནུའི་འགན་འཛིན་ལྷན་ཚོགས། བྱང་ཨ་རིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༡༨པའི་དབུ་འབྱེད་མཛད་སྒོ།
པ་སངས་དོན་ལྡན།

བྱང་ཨ་རིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༡༨པ་དེ་ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་དབུ་བཞུགས་ཐོག་སྐོང་ཚོགས་གནང་ཡོད་པ་རེད།        ད་རེས་ཀྱི་ཚོགས་ཆེན་དེའི་ཐོག་ཨ་རིའི་རྒྱལ་སའི་མངའ་ཁུལ་དང་།    ནིའུ་ཡོཀ་དང་ནིའུ་ཇར་སི།    སན་ཕ་རན་སིས་ཀོ།    མི་ནི་སོ་ཊ།    དེ་བཞིན་ཝིས་ཀོན་སིན་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་ཀྱི་སྐུ་ཚབ་འཐུས་མི་༡༨ནས་ཚོགས་བཅར་ཞུས་ཡོད།    ཕྱི་ལོ་༢༠༡༨ཟླ་༦ཚེས་༢༣དང་༢༤བཅས་ཉིན་གྲངས་གཉིས་རིང་གི་ཚོགས་འདུ་དེའི་ཐོག་གྲོས་གཞི་ཁག་བརྒྱད་ཀྱི་ཐོག་བཀའ་བསྡུར་སྦྱང་བཤད་ཀྱིས་གྲོས་ཆོད་ཁག་    ༢༥    གཏན་འབེབས་གནང་ཡོད།    དེ་དང་འབྲེལ་བའི་སྐོར་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་གནང་བར་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎