ཡོ་རོབ་ནང་བོད་མི་སྒེར་ཞིག་གི་ཞུ་གཏུག་ལས་འགུལ།
2022.05.03
བོད་མི་རྩོམ་པ་པོ་དང་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཕྱི་ཟླ་ ༤ ཚེས་ ༢ ནས་ ༣༠ བར་ཡོ་རོབ་ཀྱི་སུད་སི་དང་། ནོར་ཝེ། སིཔེན། ཅེག་སྤྱི་མཐུན་རྒྱལ་ཁབ་སོགས་རྒྱལ་ཁབ་ ༦ ནང་ཕྱོགས་ཕེབས་གནང་སྟེ་བོད་ཀྱི་ཆོས་དང་རིག་གཞུང་། ཆབ་སྲིད་ཀྱི་གནས་བབ་ཐོག་ལ་རྩོམ་དང་། དུས་སྟོན། ཆབ་སྲིད་ཀྱི་ཞུ་གཏུག་གནང་ཡུལ་བཅས་སུ་ངོ་བཅར་ཞུས་པ་དང་། རྒྱལ་ཁབ་ཁག་ཅིག་གི་གྲོས་ཚོགས་འཐུས་མི་དང་། གྲོང་ཁྱེར་སྤྱི་ཁྱབ་པ་བཅས་དང་མཇལ་ཕྲད་ཀྱིས་བོད་སྐོར་ངོ་སྤྲོད་གནང་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཡོ་རོབ་ནས་ཕྱིར་རྒྱ་གར་དུ་ཕེབས་མ་ཐག་པ་བསྟན་འཛིན་བརྩོན་འགྲུས་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།