བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས།
2018.02.05

༄༅།།ཕྱི་ཟླ་༢ཚེས་༣རེས་གཟའ་ཉི་མའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་ནང་སྲིད་དྲུང་ཆེ་འཆི་མེད་རིག་འཛིན་ལགས་རྣམ་གཉིས་ནས་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པཱ་ཝན་ཀུ་མར་ཅམ་ལིང་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། ནང་སྲིད་བཀའ་བློན་མཆོག་གིས་འབྲས་ལྗོངས་མངའ་སྡེའི་བློན་ཆེན་མཆོག་ལ་རྒྱ་གར་དབུས་གཞུང་ནས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ Tibetan Rehabilitation Policy- 2014 (TRP-2014)ཞེས་པ་གཏན་འབེབས་གནང་བ་དེ་རྒྱ་གར་ནང་གི་མངའ་སྡེ་ཁག་ལྔའི་སྲིད་བྱུས་གཏན་འབེབ་ཐོག་ལག་བསྟར་གནང་འགོ་བཙུགས་ཟིན་ཡོད་པ་སོགས་ཀྱི་སྐོར་འདི་གའི་གསར་འགོད་པ་པ་སངས་ཚེ་རིང་ལགས་ཀྱིས་གནས་ཚུལ་བཏང་བར་གསན་རོགས༎
གསར་འགོད་པ་པ་སངས་ཚེ་རིང༌།