བསམ་མཁར་བསྟན་པ་ལགས་སྐུ་ཚེ་མ་ཟིན་པ།
2015.12.09

དབུས་བོད་མིའི་སྒྲིག་འཛུགས།
༄༅། །ཐེངས་འདིའི་གསར་འགྱུར་དང་འབྲེལ་བའི་ལས་རིམ་ནང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་ཡིག་ཚང་གི་ཆབ་སྲིད་དྲུང་ཆེ་ཟུར་པ་བསམ་མཁར་བསྟན་པ་ཆོས་འཕེལ་ལགས་སྐུ་ཚེ་མ་ཟིན་པར་བཀའ་ཤག་ནས་དམ་པ་ཁོང་གི་རྗེས་ཤུལ་ནང་མི་རྣམས་ལ་ཐུགས་གསོའི་མྱ་ངན་བསྔོ་སྨོན་གནང་འདུག དེའི་སྐོར་ཕྲེང་རིང་བསྟན་འཛིན་ནོར་བུ་ལགས་ཀྱིས་སྙན་སྒྲོན་གནང་བར་གསན་རོགས་གནང་།
༄༅། །དེ་རིང་གི་གཞིས་བྱེས་བོད་མི་ཟེར་བའི་ལེ་ཚན་ནང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་ཡིག་ཚང་གི་ཆབ་སྲིད་དྲུང་ཆེ་ཟུར་པ་སྐུ་ངོ་བསམ་མཁར་བསྟན་པ་ཆོས་འཕེལ་ལགས་ཕྱི་ལོ་ ༢༠༡༥ ཟླ་༡༢ཚེས་༨ཉིན་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་ལ་འདས་པོ་ཁོང་གིས་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་སྐོར་ཚེ་དབང་ནོིར་བུ་ལགས་ཀྱིས་ཕྱོགས་སྒྲིག་ཞུས་པར་གསན་རོགས་གནང་།