རྒྱ་གར་དང་བལ་ཡུལ་བོད་མིའི་སྤྱི་ཚོགས་ནང་འདས་པའི་གཟའ་འཁོར་གསུམ་རིང་བསྟུད་མར་ཏོག་དབྱིབས་ནད་པ་གཅིག་ཀྱང་ཐོན་མེད་པ།
2022.04.16

ཐེངས་འདིའི་གསར་འགྱུར་དཔྱད་གཏམ་གྱི་ལེ་ཚན་ནང་།
རྒྱ་གར་དང་བལ་ཡུལ་བོད་མིའི་སྤྱི་ཚོགས་ནང་འདས་པའི་གཟའ་འཁོར་གསུམ་རིང་བསྟུད་མར་ཏོག་དབྱིབས་ནད་པ་གཅིག་ཀྱང་ཐོན་མེད་པ་དང་། འོན་ཀྱང་བོད་མི་མང་པོ་གནས་སྡོད་བྱེད་ཡུལ་ཟི་ལིང་གྲོང་ཁྱེར་ནང་ཏོག་དབྱིབས་ནད་པ་མང་དུ་
འགྲོ་བཞིན་པའི་ཁར་ཧྲད་ཧད་གྲོང་ཁྱེར་གྱི་མང་ཚོགས་རྣམས་ཁྱིམ་བསྡོད་བཀའ་རྒྱའི་དམ་དྲག་གི་དཀའ་ངལ་མུ་མཐུད་མྱོང་བཞིན་ཡོད་པ་བརྟེན་ནས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ད་དུང་རྒྱལ་ཁབ་ཁག་ཅིག་ནང་ཏོག་དབྱིབས་ཁྱབ་གདལ་
ཛ་དྲག་ཡོད་པ་གསུངས་ཏེ་མུ་མཐུད་ནས་དོགས་ཟོན་དང་སྔོན་འགོག་རྣམས་ལག་བསྟར་བྱ་དགོས་པའི་ལམ་སྟོན་གནང་ཡོད་པའི་སྐོར་གཡུ་སྒྲོན་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག