ནིའུ་ཡོག་ནང་བོད་དོན་དྲིལ་བསྒྲགས།
2018.03.11
༄༅༎ཕྱི་ཟླ་༣ཚེས་༡༠རེས་གཟའ་སྤེན་པ་གསུམ་བཅུའི་དུས་དྲན་ཐེངས་༥༩པའི་ཐོག་ཨ་མེ་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་བཅའ་བཞུགས་བོད་པའི་སྒྱུ་རྩལ་བ་བསོད་ནམས་དབང་འདུས་ལགས་དང་ཁོང་གི་གྲོགས་པོ་རྒྱ་གར་བ་ལ་ལིཏ་བྷཊ་ནཱ་ཀར་གཉིས་ནས་གྲོང་ཁྱེར་ནིའུ་ཡོག་ནང་གི་ཡུལ་སྐོར་སྤྲོ་འཆམ་པ་འཛོམས་སའི་ས་གནས་Times Square དུ་གློག་འཕྲིན་སྦྱར་པང་སྟེང་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་ཡོད་པའི་སྐོར་འདི་གའི་གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎གསར་འགོད་པ་བསྟན་འཛིན་བདེ་སྐྱིད།