བོད་པའི་ཟ་ཁང་དང་ཚོང་ཁང་གི་སྒོ་བྱང་དང་ཞལ་ལག་གི་ཐོ་བོད་ཡིག་ནང་བྲིས་དགོས་པའི་ལས་འགུལ།
2020.10.23

རྒྱ་གར་ནང་ཡོད་པའི་མཐོ་སློབ་སློབ་ཕྲུག་ཚོགས་པས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུའི་ཆ་ཤས་སུ་བོད་པའི་ཟ་ཁང་དང་ ཚོང་ཁང་ཁག་གི་སྒོ་བྱང་དང་། ཞལ་ལག་གི་ཐོ་གཞུང་བོད་ཡིག་ཐོག་བྲིས་རྒྱུའི་ལས་འགུལ་སྤེལ་བཞིན་པའི་སྐོར་དབྱངས་སྒྲོལ་ལགས་ཀྱིས་སློབ་ཕྲུག་ཚོགས་པའི་ཉམས་ཞིབ་ཚོགས་གཙོ་བློ་བཟང་ཚེ་དཔག་ལགས་སུ་གནས་འདྲི་ཞུས་ཏེ་གནས་ཚུལ་ཕྱོགས་སྒྲིགས་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།