བོད་ཀྱི་རྒྱལ་དར་རྟགས་ཅན་ཚ་དབུགས་སྒང་ཕུག
2017.04.09

༄༅༎ བོད་ཀྱི་རྒྱལ་དར་རྟགས་ཅན་གྱི་ཚ་དབུགས་སྒང་ཕུག་སཔེན་དུ་ཉིན་གསུམ་གྱི་རྒྱལ་སྤྱིའི་ལྒང་བུ་དུས་སྟོན་སྟེང་མཁའ་དབྱིངས་སུ་བསྐྱོད་པར་རྒྱ་ནག་གཞུང་ཚབ་གིས་སླར་ཡར་བཀག་འགོག་གི་འབད་བརྩོན་གནང་ཡང་གྲུབ་འབྲས་ཐོན་མེད་པ་རེད།
༢༠༡༧ལོའི་་ཟླ་བཞི་པའི་ཚེས་༧ནས་ཚེས་༩པར་རྒྱལ་སྤྱིའི་སྒང་ཕུག་དུས་སྟོན་དེ་ཐོག་རྒྱལ་ཁབ་༢༠ལྷག་གི་སྒང་ཕུག་མཉམ་བཞུགས་བྱེད་ཡོད་པ་དང་བོད་ཀྱི་རྒྱ་དར་རྟགས་ཅན་གྱི་མིང་ལ་བཀྲ་ཤིས་སྒང་ཕུག་ཞེས་པ་དེ་ལ་རྒྱ་ནག་གཞུང་ཚབ་གྱིས་བཀག་འགོག་གནང་ཐབས་ཇི་འདྲ་བྱ་མིན་སྐོར་།སཔེན་གནས་ཞུགས་ཡོ་རོབ་བོད་མི་དམངས་སྤྱི་འཐུན་རྒན་ཐུབ་བསྟན་དབང་ཆེན་ལགས་སུ་རྡོ་རྗེ་དགྲ་འདུལ་གྱིས་བཅའ་འདྲི་ཞུས་པ།
དེ་སྔོན་བརྒྱུད་ལམ་ཁག་ནང་ཐོན་པ་གཞིགས་ན་བོད་ཀྱི་རྒྱལ་དར་རྟགས་ཅན་གྱི་ཚ་དབུགས་སྒང་ཕུག་བཟོ་མཁན་ནི་དབྱིན་ལན་གྱི་གྷི་ལའོ་སི་ཊིར་ཤིར(Gloucestershire ) ས་ཁུལ་དུ་གནས་སྡོད་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་པོལ་ཌོབ་སནPaul Dopson་དང་ལྕམ་ཧཱ་བན་ཁུ་རའོ་ལེའི་Heaven Crawley)བཟའ་ཟླ་གཉིས་ཡིན་འདུག་ལ། ཁོང་གཉིས་ཀྱིས་བོད་དར་ཚ་དབུགས་སྒང་ཕུག་འདི་བཟོས་བའི་དམིགས་ཡུལ་ནི་མི་རྣམས་ཀྱིས་བོད་དོན་ལ་དོ་སྣང་སླེབས་ཆེད་དང་བོད་དང་འབྲེལ་བའི་ལས་དོན་ཆེད་མ་དངུལ་འཚོལ་བསྡུའི་ཆེད་དུའང་ཡིན་འདུག ཚ་དབུགས་སྒང་ཕུག་འདི་ལ་བོད་ཀྱི་རྒྱལ་དར་རི་མོ་བཀོད་པ་ལས་དེའི་སྟེང་ཆབ་སྲིད་དང་འབྲེལ་བའི་ཡི་གེ་གཅིག་ཀྱང་མེད་ལ། བོད་ཀྱི་རྒྱལ་དར་གྱིས་བརྩེ་བ་དང་ཞི་བདེ་མཚོན་གྱི་ཡོད་པ་རེད་བཅས་འགྲེལ་བརྗོད་གནང་འདུག
ད་ལྟའི་ཆར་བོད་ཀྱི་རྒྱལ་དར་རྟགས་ཅན་གྱི་ཚ་དབུགས་སྒང་ཕུག་འདིའི་སྐོར་གསར་འགྱུར་བརྒྱུད་ལམ་གྲགས་ཅན་ཁག་དང་དྲ་རྒྱ་དང་ཚགས་པ་བརྙན་འཕྲིན་གསུམ་སྟེང་བོད་དོན་ཁྱབ་བསྒྲགས་གཟེངས་སུ་ཐོན་པ་བྱུང་ཡོད་འདུག
འདས་པའི་ལོ་ཤས་ནང་བོད་ཀྱི་རྒྱལ་དར་རྟགས་ཅན་གྱི་ཚ་དབུགས་སྒང་ཕུག་དེ་ཡོ་རོབ་རྒྱལ་ཁབ་སཔེན་དང་ཧྥ་རན་སི། དབྱིན་ལན་བཅས་ཀྱི་ནང་གོ་སྒྲིག་བྱས་བའི་ཚ་དབུགས་ལྒང་བུའི་དུས་སྟོན་སྟེང་འཛུལ་ཞུགས་གནང་འདུག་སྐབས་།རྒྱལ་ཁབ་དེ་དག་ནང་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་མི་སྣས་དངོས་ཤུགས་བརྒྱུད་གསུམ་ནས་བཀག་འགོག་གི་ཐབས་ཤེས་བྱས་ཡོད་འདུག།གསར་འགོད་པ་རྡོ་རྗེ་དགྲ་དུལ།