སྒང་ཏོག་ཏུ་བོད་དོན་གདུང་སེམས་མཉམ་བསྐྱེད།
2014.05.17

འོད་ཟེར།
༄༅༎ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༧ཉིན། རྒྱ་གར་བྱང་ཤར་སྒང་ཏོག་ས་ཁུལ་དུ་གནས་སྡོད་བོད་མི་ཚོས་ད་ལྟ་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་ལྷག་པར་དུ་བོད་དོན་ཆེད་རང་ལུས་མེ་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བ་རྣམས་ལ་མྱ་ངན་གུས་འདུད་དང་། དེ་བཞིན་རྒྱ་གཞུང་གི་བཙོན་ཁང་དུ་དཀའ་སྡུག་མྱོང་བཞིན་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་བསྔོ་སྨོན་མཆོད་འབུལ་དང་སྨོན་ལམ་གསུང་འདོན་སོགས་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་པ་སངས་ཚེ་རིང་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས༎