རིག་གཞུང་སྣ་འཛོམས་ཀྱི་དུས་སྟོན་ནང་ས་གནས་བོད་མིས་མཉམ་ཞུགས་གནང་བ།
2023.06.10
ཨའོསི་ཊརེ་ལི་ཡ་ Queensland གྱི་ Brisbane གྲོང་ཁྱེར་ནང་ཕྱི་ཚེས་ ༩ ཉིན་ས་གནས་བོད་མི་ ༢༠ ཙམ་གྱིས་རིག་གཞུང་སྣ་འཛོམས་ཀྱི་དུས་སྟོན་ནང་མཉམ་ཞུགས་གནང་སྟེ་བོད་ཀྱི་རྒྱལ་དར་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཕྱྭར་བ་སོགས་བྱུང་འདུག སྐབས་དེར་མི་གྲངས་བདུན་སྟོང་ཙམ་འདུ་འཛོམས་བྱུང་བའི་ཁྲོད་ལས་འགུལ་བའི་ཁོངས་ནས་བོད་མི་དགེ་འདུན་པ་ཞིག་གི་བོད་ཀྱི་རྒྱལ་དར་ཕྱྭར་བར་རོལ་དབྱངས་ཀྱི་སྒྱུ་རྩལ་བས་ངོས་འཛིན་ཞུས་པ་དང་དགའ་བསུ་གནང་པ་བཅས་བྱུང་འདུག རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་རིག་གཞུང་འགན་འཛིན་མེ་ལྷ་ལགས་སུ་བཀའ་དྲི་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།