སུད་སི་ཁྱིམ་ཚང་དུ་བུ་ཚབ་སྤྲད་པའི་ནང་ནས་ཁག་ཅིག་ལ་ལ་གོ་སྐབས་བཟང་པོ་བྱུང་ཡང་། ཁག་ཅིག་ལ་དཀའ་ངལ་བྱུང་ཡོད།
2023.05.21
ཐེངས་འདིའི་གཏམ་གླེང་གི་ལེ་ཚན་ནང་། དེ་སྔ་སྤྱི་ལོ་༡༩༦༠ རེ་གྲངས་ནང་རྒྱ་གར་ནས་བོད་ཕྲུག་༡༠༠ལྷག་སུད་སི་ཁྱིམ་ཚང་དུ་བུ་ཚབ་སྤྲད་པའི་ནང་ནས་ཁག་ཅིག་ལ་སློབ་སྦྱོང་དང་ལྟ་སྐྱོང་སོགས་གོ་སྐབས་ཡག་པོ་བྱུང་ཡོད་ཀྱང་ཁག་ཅིག་ལ་དེ་ལས་ལྡོགས་ཏེ་སེམས་ཁམས་ཀྱི་དཀའ་ངལ་དང་། དུག་རྫས་བེད་སྤྱོད་བྱེད་མཁན། རང་ཤི་རྒྱག་མཁན། རེ་ཟུང་ལ་ཆགས་སྲེད་ཀྱི་བརྙས་བཅོས་སོགས་ཀྱི་དཀའ་ངལ་བྱུང་ཡོད་པ་ངོས་འཛིན་གནང་བའི་གནས་སྟངས་སྐོར་ལ། སྐབས་དེར་བུ་ཚབ་ཏུ་ལེན་པའི་གྲས་ནས་བཀྲིས་ཚེ་རིང་ལགས་སུ། ཁོང་གི་ལོ་རྒྱུས་ནས་འབྲེལ་ཏེ་བུ་ཚབ་ཏུ་ལེན་པའི་བོད་ཕྲུག་ཚོའི་གནས་སྟངས་སྤྱི་ཡོངས་ཐད་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།