གྲོས་ཚོགས་ནང་གདུང་སེམས་མཉམ་སྐྱེད།
2014.09.23

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་གནས།
༄༅༎ཕྱི་ཟླ་ ༩ ཚེས་ ༢༢ རེས་གཟའ་ཟླ་བའི་ཉིན་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་ཉེ་ལམ་ཟླ་འདིའི་ཚེས་ ༡༧ ཉིན་ཨ་མདོ་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་ཉེན་རྟོག་ཁང་གི་སྒོ་ཁ་རུ་ལྷ་མོ་བཀྲ་ཤིས་ལགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་གྱུར་ཡོད་པར་བརྟེན་གྲོས་ཚོགས་ནས་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གནང་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་རྡོ་གཅོད་བསྟན་འཛིན་དབང་རྒྱལ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎
གསར་འགོད་པ་བསྟན་འཛིན་དབང་རྒྱལ།