དྷ་སར་ན་གཞོན་འགོ་ཁྲིད་ཟབ་སྦྱོང༌།
2014.05.20

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་དོན་ཡོད།
༄༅༎ཕྱི་ཟླ་༥ཚེས་༢༠རེས་གཟའ་མིག་དམར་གྱི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བོད་ཀྱི་གྲོས་ཚོགས་དང་སྲིད་ཇུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་བཞུགས་སྒར་དྷ་རམ་ས་ལར་༼དེང་གི་ན་གཞོན་དང་མ་འོངས་འགོ་ཁྲིད་ཅེས་པའི་ཟབ་སྦྱོང་།༽ཞེས་འགོ་བརྗོད་དུ་འཁོད་པའི་འགོ་ཁྲིད་ཟབ་སྦྱོང་ཐེངས་བཅུ་གསུམ་པ་དབུ་འཛུགས་གནང་ཡོད་པ་དང༌།ཐེངས་འདིའི་ཟབ་སྦྱོང་ནང་རྒྱ་གར་གྱི་མཐོ་སློབ་ཁག་ནང་གི་བོད་པའི་སློབ་གཉེར་བ་ལྔ་བཅུ་ཙམ་ནས་མཉམ་ཞུགས་གནང་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་རྡོ་གཅོད་བསྟན་འཛིན་དབང་རྒྱལ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས་ཞུ༎