ན་ལཎྜའི་ཞལ་གཞུང་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ཕྱོགས་ཐད་ཀྱི་ལས་རིམ།
ཕྱི་ལོ་ ༢༠༡༨ ལོར་ཧི་མ་ལ་ཡའི་ན་ལཎྜ་ནང་པའི་སྲོལ་རྒྱུན་ལྷན་ཚོགས་གསར་འཛུགས་གནང་སྟེ་ཧི་མ་ལ་ཡའི་རི་བརྒྱུད་དུ་གནས་པའི་ནང་པའི་སྤྱི་ཚོགས་ཁྲོད་བོད་བརྒྱུད་ནང་བསྟན་དང་ན་ལཎྜའི་ཞལ་གཞུང་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ཕྱོགས་ཐད་ལས་དོན་རིམ་པར་སྤེལ་ནས་གྲུབ་འབྲས་མི་དམན་པ་ཞིག་སྒྲུབ་བཞིན་ཡོད་པར་ཚོགས་པས་ངོས་འཛིན་གནང་གི་ཡོད་ཅིང་། ཉེ་ལམ་མོན་རྟ་ཝང་ཁུལ་དུ་ཨ་རུ་ན་ཅལ་གྱི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དབུ་བཞུགས་ཐོག་ཁུལ་དེར་ཚོགས་འདུ་གནང་ཡོད་པ་ལྟར། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཧི་མ་ལ་ཡའི་ན་ལན་ཌའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ལོ་ཆེན་རིན་པོ་ཆེ་མཆོག་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་ཚོགས་པ་འདིའི་ད་བར་གྱི་ལས་དོན་དང་མ་འོངས་འཆར་གཞི་བཅས་ཀྱི་སྐོར་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།