ནང་བསྟན་སློབ་གཉེར་ལྟེ་གནས་ཁང་ཁག་ཡར་རྒྱས་གོང་འཕེལ་གཏོང་རྒྱུའི་ལས་འཆར།
2024.03.13
ཐེངས་འདིའི་ཧི་མ་ཡའི་མི་རིགས་དང་རིག་གཞུང་ཞེས་པའི་ལེ་ཚན་ནང་རྒྱ་གར་གྱི་གྲངས་ཉུང་མི་རིགས་ལྷན་ཁང་གིས་ཧི་མ་ལ་ཡའི་རི་བརྒྱུད་ཁུལ་གྱི་མངའ་སྡེ་ཁག་ལྔའི་ནང་བརྟེན་གཞི་གནང་བའི་ནང་བསྟན་སློབ་གཉེར་ལྟེ་གནས་ཁང་ཁག་ཡར་རྒྱས་གོང་འཕེལ་གཏོང་རྒྱུའི་ལས་འཆར་ཕྱི་ཟླ་༣་ཚེས་༡༠་ཉིན་དབུ་འབྱེད་གནང་བའི་སྐོར་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་རིན་པོ་ཆེ་མཆོག་ལ་སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་གནས་འདྲི་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།