འཁོར་ཡུག་དང་ནུས་ཤུགས། གནམ་གཤིས་འགྱུར་ལྡོག་གི་སྐོར་ཆེད་ལས་པ་དང་མཁས་པའི་བགྲོ་གླེང་གི་ལྷན་ཚོགས་ཐེངས་༩པ།
དེ་རིང་གི་བོད་ཀྱི་ཁོར་ཡུག་ཟེར་བའི་ལེ་ཚན་ནང་སྤྱི་ལོ་༢༠༢༤སྤྱི་ཟླ་༦པའི་ཚེས་༨ཉིན་རྒྱ་གར་གྱི་ཨོ་རིས་ས་མངའ་སྡེའི་རྒྱལ་ས་ Bhubaneswarཟེར་བ་རུ་རྒྱ་གར་གྱི་མངའ་སྡེ་དེའི་གོ་བསྒྲིགས་གནང་བའི་འཁོར་ཡུག་དང་ནུས་ཤུགས། གནམ་གཤིས་འགྱུར་ལྡོག་གི་སྐོར་ཆེད་ལས་པ་དང་མཁས་པའི་བགྲོ་གླེང་གི་ལྷན་ཚོགས་ཐེངས་༩པའི་ཐོག་ བོད་ཀྱི་སྲིད་བྱུས་ཉམ་ཞིབ་ཁང་གི་ཁོར་ཡུག་ཉམ་ཞིབ་པ་བདེ་ཆེན་དཔལ་མོ་ལགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཟུར་ཨ་ཅར་ཡ་ཡེ་ཤེས་ཕུན་ཚོགས་ལགས་གཉིས་ནས་བགྲོ་གླེང་ལྷན་ཚོགས་དེའི་ནང་མཉམ་ཞུགས་གནང་ནས་བོད་མཐོ་སྒང་ནས་ཐོན་པའི་གཙང་ཆུ་ཁག་གི་གལ་གནད་དང་རྒྱ་ནག་གཞུང་གིས་ཆུ་རགས་བརྒྱབ་བཞིན་པ་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་རྐྱེན་པས་ཛ་དྲག་གནས་སྟངས་ཆགས་ཉེན་གྱི་སྐོར་དང། དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་བཀའ་སློབ་ལམ་སྟོན་གནང་བའི་དགོངས་དོན་ལྟར་གཏམ་བཤད་གནང་ནས་བོད་ཀྱི་ཁོར་ཡུག་གནས་སྟངས་སོགས་ཀྱི་སྐོར་གོ་རྟོགས་སྤེལ་ཡོད་པའི་སྐོར་ཚེ་དབང་ནོར་བུ་ལགས་ཀྱིས་བཅའ་འདྲི་ཞུས་ནས་ཕྱོགས་བསྒྲིགས་བྱས་ཏེ་སྙན་སྒྲོན་ཞུས་པ་གསན་རོགས་ཞུ།།
གསར་འགོད་པ། ཚེ་དབང་ནོར་འབུ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།