རྒྱ་ནག་གཞུང་གཉེར་དངུལ་ཁང་གི་ཆེད་མཐོའི་དཔོན་རིག་ཟུར་པ་ཞིག་ལ་རུལ་སུངས་ཀྱི་དོགས་གཞི་འོག་ཞིབ་དཔྱོད་བྱེད་ཀྱི་ཡོད་འདུག

2023.11.04
རྒྱ་ནག་གཞུང་གཉེར་དངུལ་ཁང་གི་ཆེད་མཐོའི་དཔོན་རིག་ཟུར་པ་ཞིག་ལ་རུལ་སུངས་ཀྱི་དོགས་གཞི་འོག་ཞིབ་དཔྱོད་བྱེད་ཀྱི་ཡོད་འདུག རྒྱ་ནག་གཞུང་གཉེར་ཚོང་ལས་དངུལ་ཁང་གི་གཙོ་འཛིན་གཞོན་པ་ Zhang Hongli
Reuters

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ལོ་བཅུ་ཕྲག་གཅིག་གི་གོང་དུ་སྲིད་དབང་ཐོབ་པ་ནས་བཟུང་སྟག་དང་སྦྲང་མ་མཉམ་གསོད་ཞེས་པའི་གཞུང་གི་ལྐོག་ཟ་རུལ་སུངས་ཀྱི་ལས་འགུལ་ཤུགས་ཆེན་ཞིག་སྤེལ་ཡོད་།སྲིད་ཇུས་དེའི་རྒྱབ་སྐྱོར་བ་ཚོས་གཞུང་འཛིན་ཕྱི་གསལ་ནང་གསལ་ཡོང་ཆེད་དུ་དམིགས་པའི་དགེ་མཚན་ཞིག་ལ་མཐོང་ཡང་སྐྱོན་བརྗོད་བྱེད་མཁན་ཚོས་སྲིད་ཇུས་དེས་རྒྱ་ནག་སྲིད་གཞུང་གི་ཁ་གཏད་མཁན་ཚོར་ཞི་ཅིན་ཕིང་གིས་གཙང་སེལ་བྱེད་པར་ཕན་ཐོགས་བྱུང་ལུགས་ཀྱང་བཤད་ཀྱི་ཡོད་ གོང་ཞུས་གཞུང་ཞབས་ཟུར་བ་ཀྲང་ཧུ་ལི་ནི་ཉེ་ཆར་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་རྒྱ་ནག་གཞུང་གིས་ཞིབ་འཇུག་བྱས་པའི་དངུལ་རྩིས་དང་འབྲེལ་བའི་དཔོན་རིག་གསར་ཤོས་དེ་རེད། ཟླ་བ་སྔོན་མའི་ནང་རྒྱ་ནག་གཞུང་གི་འབྲེལ་ཡོད་ཁྲིམས་རྩོད་པས་ཟླ་བ་གཅིག་རིང་གི་དྲི་བརྩད་བརྟག་ཞིབ་ཀྱི་རྗེས་སུ་རྒྱ་ནག་དངུལ་ཁང་གི་འགན་འཛིན་ཟུར་པ་ལིའུ་ལིན་ཀེག་ཁྲིམས་མཐུན་གྱིས་འཛིན་བཟུང་བྱས་ཡོད་ཟེར།ཡང་ཉེ་བའི་ཆར་ཕྱི་ཚེས་༢༤ཉིན་རྒྱ་ནག་གཞུང་འབྲེལ་གསར་ལམ་དུ་གནས་ཚུལ་སྤེལ་བའི་ནང་།  རྒྱ་ནག་རྒྱལ་སྲུང་བློན་ཆེན་ལི་ཧྲང་ཧྥི་ཡི་གོ་གནས་ལས་གནས་དབྱུང་བཏང་ཡོད་པ་མ་ཟད།  དེ་དང་ཕྱོགས་མཚུངས་དེའི་སྔོན་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་གྱི་གོ་གནས་ནས་གནས་དབྱུང་བཏང་ཟིན་པའི་ཆིན་ཀང་གི་རྒྱལ་སྲིད་ཨུ་ཡོན་གྱི་གོ་གནས་དེའང་མེད་པར་བཏང་ཡོད་པ་རེད།  འོན་ཀྱང་ཁོང་གཉིས་ཀྱི་ཉེས་པ་ཅི་ཡིན་སོགས་གཞུང་འབྲེལ་གྱིས་འབྲེལ་བཤད་གང་ཡང་བརྒྱབ་མེད་པ་དོགས་པ་རང་བཞིན་ཞིག་ཏུ་གནས་ཡོད་པ་རེད།

རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གསལ་བསྒྲགས་བྱས་པ་ལྟར་ན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་གཟའ་འཁོར་འདིར་རྒྱལ་ཡོངས་དཔལ་འབྱོར་ལས་དོན་ལྷན་ཚོགས་ཞེས་པ་ཞིག་བསྐོང་ནས་དཔལ་འབྱོར་གྱི་ཉེན་ཁ་སྔོན་འགོག་དང་སེལ་ཐབས།དཔལ་འབྱོར་ལྟ་རྟོག་ཤུགས་ཆེ་རུ་གཏོང་བ་དང་།རྒྱ་ནག་གི་ཁྱད་ཆོས་ལྡན་པའི་དཔལ་འབྱོར་ཡར་རྒྱས་གཏོང་དགོས་སྐོར་ནན་བརྗོད་བྱས་ཡོད།  རྒྱ་ནག་ནང་ཏོག་དབྱིབས་ནད་ཡམ་ཁྱབ་བརྡལ་རྗེས་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དལ་དུ་ཕྱིན་ཡོད་པ་དང་དེའི་གང་ས་ཁང་ཚོང་ལས་ཀྱི་ཐོག་ཉམས་རྒུད་ཕྱིན་ནས་རྒྱ་ནག་ནང་ད་དུང་ཡང་དཔལ་འབྱོར་འཕེལ་རྒྱས་དེ་ཏོག་དབྱིབས་ནང་ཡམས་སྔོན་གྱི་གནས་བབས་ལྟར་སླར་གསོ་བྱེད་མ་ཐུབ་པ་ལུས་ཡོད་འདུག

གསར་འགོད་པ། དབྱངས་སྒྲོན།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎