ཞི་ཅིན་ཕིང་གིས་ཅིའི་ཕྱིར་འཛམ་བུ་གླིང་དགྲ་རུ་བཟུང་བ།
2020.07.29

བདུན་སྔོན་མར་རྒྱ་ནག་གི་གཙོ་འཛིན་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཉོ་ཚོང་ལས་རིགས་ཀྱི་འགོ་ཁྲིད་ཁག་ཅིག་བསྡུས་ནས་ཧ་ཅང་རྒྱུན་ལྡན་མ་ཡིན་པའི་ཚོགས་འདུ་ཞིག་བསྐོངས་ཡོད་པ་དང་། ཚོགས་ཐོག་ཏུ་ཞི་ཅིན་ཕིང་གིས་ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་ཁས་བླངས་ཡོད་པ་དང་། ཆབས་ཅིག་ཏུ་ཞི་ཅིན་ཕིང་གིས་རྒྱ་ནག་པའི་གཏམ་དཔེ་མི་མ་ཤི་ན་བློ་མི་ཟད། བྱ་མ་ཤི་ན་ཚང་མི་འཐོར་ཞེས་པ་དྲངས་ནས། ང་ཚོ་གཏན་འབེབས་བྱས་པའི་ཐབས་ཇུས་ལྟར་འགྲོ་ཐུབ་ཚེ། ང་ཚོས་དཀའ་ངལ་དང་ཉེན་ཁའི་ཁྲོད་གོ་སྐབས་ཤིག་བརྙེད་ངེས་ཡིན། རྒྱ་ནག་མི་དམངས་དཀའ་སྡུག་དང་འགྲན་ཟླ་ཐམས་ཅད་ནས་རྣམ་པར་རྒྱལ་ངེས་ཡིན་ཞེས་རྒྱ་ནག་ལ་རྒྱལ་སྤྱིའི་དང་རྒྱལ་ནང་གི་དཀའ་ངལ་བཅས་ལ་བརྟེན་ནས་སེམས་གསོ་འདི་ལྟར་བྱས་འདུག་འོན་ཀྱང་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་གིས་ཅིའི་ཕྱིར་འཛམ་བུ་གླིང་དགྲ་རུ་བཟུང་བ་འམ་ཡང་ན་ཁ་གཏད་གཅོག་གི་ཡོད་པའི་སྐོར་ཨུ་སུ་ཀྲི་ལའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་བོད་དོན་ཉམས་ཞིབ་པ་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་དང་ཝི་ཇི་ནེའི་གཙུག་ལག་སློབ་ཆེན་གྱི་གནད་དོན་དབྱེ་ཞིབ་པ་བསྟན་འཛིན་ཐོས་བསམ་རྣམ་པ་གཉིས་དང་རྡོ་རྗེ་དགྲ་འདུལ་གྱིས་གླེང་མོལ་ཞུས་པ་ཉན་རོགས་ཞུ།།
གསར་འགོད་པ་རྡོ་རྗེ་དགྲ་འདུལ།