རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་སྔར་ལས་སྡུག་ཏུ་འགྲོ་སྲིད་པ་གནད་དོན་དབྱེ་ཞིབ་པས་ངོས་འཛིན་གནང་བ།
2022.10.20
རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཉི་ཤུ་པ་འདི་སྐོང་ཚོགས་བྱས་པའི་ཁྲོད་ནས། བོད་པ་དང་དེ་མིན་མི་རིགས་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་འགྲོ་མི་སྲིད་པའི་སྔོན་དཔག་དང་། འདས་པའི་ལོ་ལྔའི་ནང་གི་གནས་སྟངས་ལས་སྡུག་རུ་འགྲོ་སྲིད་པས། བོད་མི་ཚོས་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་གྱི་ལས་དོན་ཐོག་དེ་བས་ཤུགས་གནོན་རྒྱག་དགོས་པ་གནད་དོན་དབྱེ་ཞིབ་པས་ངོས་འཛིན་གནང་གི་ཡོད་འདུག སྒྲོལ་དཀར་ལགས་ཀྱིས་ཕྱོགས་སྒྲིག་ཞུས་པ་ཞིག་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག