རྒྱལ་ཁབ་གཞན་གྱིས་ཀྱང་བོད་ནང་ཕར་འགྲོ་ཚུར་འོང་ཐོབ་ཐང་འདྲ་མཉམ་གྱི་ཁྲིམས་ཡིག་གཏན་འབེབས་གནང་བའི་རེ་བ་ཡོད།


2020.09.25
རྒྱལ་ཁབ་གཞན་གྱིས་ཀྱང་བོད་ནང་ཕར་འགྲོ་ཚུར་འོང་ཐོབ་ཐང་འདྲ་མཉམ་གྱི་ཁྲིམས་ཡིག་གཏན་འབེབས་གནང་བའི་རེ་བ་ཡོད། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེཀ་གྷོ་ཝན་མཆོག་གིས་བོད་ནང་ཕར་འགྲོ་ཚུར་འོང་ཐོབ་ཐང་འདྲ་མཉམ་གྱི་ཁྲིམས་ཡིག་གཏན་འབེབས་སྐབས་བཀའ་མོལ་གནང་བཞིན་པ།ཌ
ཨེ་ཨེཕ་པི།ཌ

བོད་རང་དབང་ལས་འགུལ་ཁང་གི་འགན་འཛིན་John Jones ཡིས། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པས་རྒྱ་ནག་གཞུང་གིས་བོད་ནང་བཙན་དབང་གི་ལས་རིགས་སྦྱོང་བརྡར་སྒྲིག་འཛུགས་དངོས་སུ་ལག་བསྟར་བྱེད་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་བར་རྒྱབ་སྐྱོར་དང་། ཨ་རིས་བོད་ནང་ཕར་འགྲོ་ཚུར་འོང་ཐོབ་ཐང་འདྲ་མཉམ་གྱི་ཁྲིམས་ཡིག་གཏན་འབེབས་གནང་བ་བཞིན་གཞན་རྒྱལ་ཁབ་ཁག་གིས་དེ་བཞིན་ཁྲིམས་ཡིག་གཏན་འབེབས་གནང་ན་ཕན་ཐོགས་ཡོང་ངེས་ཡིན་ལུགས་འདི་ག་རླུང་འཕྲིན་ཁང་ལ་གསུངས་པའི་སྐོར་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎