གོ་ལའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་དང་དོན་ཚན་བདུན་ཅན་གྱི་གསལ་བསྒྲགས།
རྒྱ་གར་གཞུང་གི་གོ་སྒྲིག་འོག་ཉེ་ལམ་རྒྱ་གར་རྒྱལ་ས་ལྡི་ལི་རུ་ཉིན་གཉིས་ཀྱི་གོ་ལའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་དང་པོ་མཇུག་བསྒྲིལ་བ་དང་སྦྲགས། སྐུ་ཚབ་རྣམ་པས་མོས་མཐུན་ཡོད་པའི་དོན་ཚན་བདུན་ཅན་གྱི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད། དེའི་ནང་ཞི་བདེ་ནི་འགྲོ་བ་མིའི་བདེ་སྐྱིད་ཀྱི་གཞི་རྩ་ཞིག་ཡིན་པ་ནན་བརྗོད་བྱས་ཡོད།
རྒྱ་གར་རིག་གཞུང་ལྷན་ཁང་གི་དྲ་རྒྱ་ཐོག་སྤེལ་བ་ལྟར་དོན་ཚན་བདུན་ཅན་གྱི་ཡོངས་ཁྱབ་གསལ་བསྒྲགས་དེ་སྲིད་བློན་ན་རན་དྷ་མོ་དྷི་མཆོག་གིས་དབུ་འབྱེད་གསུང་བཤད་ཀྱི་དོན་སྙིང་དང་མཚུངས་ཤིང་། གཙོ་བོ་འཛམ་གླིང་ཀུན་ཁྱབ་ཀྱི་རིན་ཐང་དེ་དར་སྤེལ་གཏོང་བའི་བརྒྱུད། མཉམ་ལས་གྱི་ཐོག་ནས་རྒྱལ་སྤྱི་ཐོག་དཀའ་ངལ་ཕྲད་བཞིན་པར་གདོང་ལེན་ཇི་ལྟར་གནང་རྒྱུ་སྐོར་སོགས་རེད་འདུག
དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་། རྒྱ་གར་ནང་ཐེངས་དང་པོའི་གོ་ལའི་ནང་པའི་ལྷན་ཚོགས་དེའི་དམིགས་ཡུལ་དང་དེའི་གལ་གནད་རང་བཞིན་གྱི་སྐོར། རྒྱལ་སྤྱིའི་ནང་བསྟན་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་དགའ་ལྡན་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལྷན་བགྲོ་གླེང་བྱས་པ་ཉན་རོགས་ཞུ།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།