སྤྲིན་པ་འགས་འཐོར་ཕྱིན་པའི་རྐྱེན་གྱིས་མི་གྲངས་མང་པོ་རྐྱེན་ལམ་དུ་ཕྱིན་པ།
རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ནང་འདས་པའི་ཆུ་ཚོད་༢༤རིང་ཆར་པ་རྒྱུན་ཆད་མེད་པར་བབས་པ་མ་ཟད་Solanགྲོང་ཁྱེར་ནང་སྤྲིན་པ་འགས་འཐོར་ཕྱིན་པའི་རྐྱེན་གྱིས་མི་གྲངས་མང་པོ་རྐྱེན་ལམ་དུ་ཕྱིན་པའི་གནས་ཚུལ་ཐོན་པ་དང་འབྲེལ་ནས་Solan གྱི་ཉེ་འཁྲིས་སུ་ཆགས་པའི་གཡུང་དྲུང་བོན་གྱི་བོད་མིའི་གཞིས་ཆགས་མི་མང་རྣམས་ལ་གོད་ཆགས་བྱུང་ཡོད་མེད་སོགས་ཀྱི་སྐོར་འབྲེལ་ཡོད་མི་སྣར་སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་གནས་འདྲི་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་དང་།
ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལྷན་ཁང་ནས་རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེས་གཙོས་པས་ས་གནས་ཁག་ཅིག་ལ་ཆུ་ལོག་གི་རྐྱེན་པས་དཀའ་ངལ་འཕྲད་མཁན་ཚོར་ངལ་སེལ་ཆེད་ཕྱི་རྒྱལ་ཁག་ལ་གནས་སྡོད་བོད་མི་ཚོར་མཐུན་འགྱུར་རོགས་རམ་འབོད་སྐུལ་གནང་བཞིན་པའི་ཐད་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་སུ་རིག་འཛིན་ཆོས་སྒྲོན་ལགས་ནས་བཀའ་འདྲི་ཞུས་པ་བཅས་གསན་རོགས་གནང་།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།