རྒྱ་ནག་གི་སྲིད་འཛིན་ལས་ཡུན་དང་བོད།


2018.03.29
སྲིད་འཛིན་གྱི་དུས་བཀག་ཚད་འཛིན་ལ་འགྱུར་བ་གཏོང་འཆར། རྩ་ཁྲིམས་ནང་དུས་བཀག་ཚད་འཛིན་བཟོས་པ་དེར་འགྱུར་བ་གཏོང་རྒྱུའི་གྲོས་འགོ་སྟོན་པ་དེར་ངོ་རྒོལ་སྐྱོན་བརྗོད་བྱེད་མཁན་ཤུགས་ཆེ་རུ་འགྲོ་གི་ཡོད་པ།
ཨེ་ཨེཕ་པི།

༄༅༎བོད་དང་རྒྱལ་སྤྱིའི་གནས་བབ་ཞེས་པའི་ལེ་ཚན་ནང་།  ད་ལམ་རྒྱ་ནག་གི་རྩ་ཁྲིམས་བསྐྱར་བཅོས་ཀྱིས་སྲིད་འཛིན་ལས་ཡུན་ཚད་གཞི་མེད་པ་བཟོས་པ་དེས་རྒྱ་ནག་དང་རྒྱལ་སྤྱིའི་ཐོག་གནད་འགག་ཇི་ཆགས་དང་།    བོད་དོན་ཐད་འགྱུར་ལྡོག་ཡོང་མིན་དང་འབྲེལ་བའི་གནས་ཚུལ་དང་།    དེ་བཞིན་རྒྱ་གར་གཞུང་གིས་མཐོ་རིམ་དཔོན་རིགས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་སྒོ་ཁག་དང་མཉམ་ཞུགས་མི་ཆོག་པའི་བཀའ་རྒྱ་བཏང་བའི་གནད་འགག་དང་འབྲེལ་བའི་སྐོར་ཨ་རིའི་ལྷོ་ཕྱོགས་ཊེ་ནེ་སི་(Tennessee)ནང་གཏན་བཞུགས་བོད་དོན་དོན་གཉེར་བ་དང་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལཌ་དང་ཨ་རིའི་བྱང་ཤར་བྷོསེ་ཊོན་(Boston) ནས་སྤྱི་ཟུར་དང་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བློ་བཟང་ཤྭསྟྭི་རི་ལཌ་རྣམ་གཉིས་དང་ལས་རིམ་གཙོ་སྐྱོང་བ་ཀརྨ་རྒྱ་མཚོ་ལཌ་དབར་གླེང་མོལ་ཞུས་པ་ཞིག་གསན་གནང་གི་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎