རྒྱ་གར་སྲིད་བློན་སོག་ཡུལ་དང་ལྷོ་ཀོ་རི་ཡའི་ནང་ཕེབས་དགོས་པའི་དམིགས་ཡུལ།
2015.05.28

༄༅། །ཐེངས་འདིའི་བོད་དང་རྒྱལ་སྤྱིའི་གནས་བབ་ཅེས་པའི་ལེ་ཚན་ནང་དུ། རྒྱ་གར་གྱི་སྲིད་བློན་ ནྭ་རནྡར་ མོ་དྷི་(Narender Modi)མཆོག་རྒྱ་ནག་དང་། སོག་ཡུལ། ལྷོ་ཀོ་རི་ཡ་བཅས་སུ་འཚམས་འདྲི་གཟིགས་སྐོར་དུ་ཕེབས་པའི་གནད་འགག་སྤྱི་དང་། ལྷག་དོན་དུ་སོག་ཡུལ་དང་ཀོ་རི་ཡའི་གཟིགས་སྐོར་གྱི་གནད་འགག་སྐོར། འདི་ག་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་དབུ་འཛིན་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་ལས་རིམ་གཙོ་སྐྱོང་བ་ཀརྨ་རྒྱ་མཚོ་ལགས་དབར་གླེང་མོལ་གནང་བར་གསན་རོགས་ཞུ༎
གསར་འགོད་པ་ཀརྨ་རྒྱ་མཚོ།