གསར་འགྱུར་ཡིག་ཚགས།
2025-01-27
རྒྱ་དཀར་ནག་གཉིས་ཀྱི་དབར་གྲོས་མོལ་བྱེད་བཞིན་པའི་མཚམས་འདིར། རྒྱ་ནག་ཕྱི་སྲིད་བློན་ཆེན་ནས་རྒྱལ་ཁབ་ཕྱོགས་གཉིས་ནས་སོ་སོའི་ཁེ་ཕན་དང་ཡར་རྒྱས་གཙིགས་ཆེར་ངོས་འཛིན་དགོས་པ་ནན་བརྗོད་བྱས་འདུག
2025-01-27
རྒྱ་ནག་གིས་མཚོ་གླིང་མང་པོར་བུ་ལོན་གྱི་རྙི་བཙུགས་ནས་ས་ཆ་མང་པོ་འཕྲོག་བཞིན་པ་ནི། ཧི་མ་ལ་ཡའི་རི་རྒྱུད་ཙམ་མིན་པར་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་ཧ་ཅང་ཆེན་པོ་རེད་ཅེས། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གསུངས་པ།
2025-01-25
ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་འཛམ་གླིང་གི་ཆུ་རགས་ཆེ་ཤོས་ཞིག་རྒྱག་འཆར་ཡོད་ནི་རྒྱ་གར་ཁྱོན་ཡོངས་ནས་བློ་ཚབས་བྱ་དགོས་པའི་གནད་དོན་ཞིག་རེད་ཅེས་གསུངས་པ།
2025-01-24
རྒྱ་དཀར་ནག་གི་ས་མཚམས་དཀའ་རྙོག་ཞི་འཇམ་དུ་འགྲོ་བཞིན་པའི་མཚམས་འདིར་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་བིཀ་རམ་མི་སི་རི་ལགས་རྒྱ་ནག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་རེད་འདུག
2025-01-24
ས་བབ་ཆབ་སྲིད་ཀྱི་གལ་གནད་ལྡན་པའི་པཱ་ཀི་སི་ཐན་གྱི་གྷ་ཝ་དར་གྲོང་ཁྱེར་དུ་རྒྱ་ནག་གཞུང་གི་རོགས་སྐྱོར་འོག་རྒྱལ་སྤྱིའི་གནམ་ཐང་གསར་པ་ཞིག་དབུ་འབྱེད་བྱས་འདུག
2025-01-23
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་དགུ་ནས་བོད་མི་དགུ་བཀག་ཉར་དང་ཡང་ན་གར་སོང་ཆ་མེད་གྱུར་བའི་གནས་སྟངས་ཐད་རྒྱ་ནག་གཞུང་ལ་འདྲི་རྩད་རྟོག་ཞིབ་ཀྱི་ཞུ་ཡིག་ཕུལ་ཡོད་པ།
2025-01-22
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཟླ་གཉིས་ལྷག་རིང་རྒྱ་གར་རྒྱལ་ཡོངས་སུ་བོད་དོན་དྲིལ་བསྒྲགས་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་ལྡི་ལིར་མཇུག་སྒྲིལ་སོང་།
2025-01-22
ཨ་རིའི་སྲིད་འཛིན་Trump མཆོག་གི་དམ་འབུལ་མཛད་སྒོར་རྒྱ་ནག་གི་གཙོ་འཛིན་གཞོན་པ་ Han zheng སྐུ་ཚབ་ཏུ་མངགས་ཡོད་པ་དེའི་ཐོག་ནས་རྒྱ་ནག་གིས་ཨ་རི་དང་མཉམ་དུ་འབྲེལ་ལམ་ཇེ་བཟང་དུ་བཏང་འདོད་ཀྱི་རྣམ་འགྱུར་མཚོན་གྱི་ཡོད་པ།
2025-01-16
ཨ་མི་རི་ཀའི་བདམས་ཐོན་སྲིད་འཛིན་ (Donald Trump) ཡིས་ཨ་རིའི་ཕྱི་སྲིད་དྲུང་ཆེའི་འོས་མིར་མིང་འདོན་གནང་བའི་མརྐོ་རུ་སྦི་ཡོ་ (Marco Rubio) ལགས་ཀྱིས་རྒྱ་ནག་ནི་ཨ་རིའི་བདེ་འཇགས་ལ་ཉེན་ཁ་ཆེ་ཤོས་ཡིན་པ་དང་། ཨ་རི་ནི་རྒྱ་ནག་ལ་བརྟེན་དྲགས་པའི་ཉེན་ཁ་ཡོད་པ་གསུངས་འདུག
2025-01-16
རྒྱ་གར་དང་རྒྱ་ནག་གཉིས་དབར་དམག་དོན་གྲོས་མོལ་ཐེངས་ ༢༡ དང་ཕྱི་འབྲེལ་གྲོས་མོལ་ཐེངས་ ༡༧ བྱས་རྗེས་ཕྱི་ལོ་ ༢༠༢༤ ཟླ་ ༡༠ ནང་འཕགས་བོད་མཐའ་མཚམས་སུ་རྒྱ་དཀར་ནག་གཉིས་དབར་གྲོས་མཐུན་བྱུང་ཡོད།
2025-01-14
རྒྱ་ནག་གི་(TikTok)་ཞེས་པའི་སྤྱི་ཚོགས་དྲྭ་རྒྱའི་མཉེན་ཆས་དེ་བཞིན་ཨ་མི་རི་ཀའི་ཕྱུག་བདག་(Elon Musk)་ལ་བཙོང་རྒྱུའི་གཞི་རིམ་གྱི་སྐད་ཆ་བཤོད་འགོ་བཙུགས་ཡོད་འདུག
2025-01-14
ཡར་ཀླུང་གཙང་པོའི་ཐོག་ཆུ་ཤུགས་གློག་འདོན་གྱི་ཆུ་རག་བསྐྲུན་འཆར་ལ་བཀག་འགོག་གི་སྙན་ཞུ།
2025-01-11
རྒྱ་ནག་གི་ ༢༠༢༥ ལོའི་རྒྱལ་ཡོངས་གཞུང་ཞབས་པའི་ཡིག་རྒྱུགས་ཀྱི་ཆེད་སྙན་ཞུ་འབུལ་མཁན་ནང་ས་ཡ་གསུམ་དང་བཞི་འབུམ་ལྷག་བྱུང་ཡོད་པ་ནི་དེ་སྔ་བྱུང་མྱོང་མེད་པའི་གྲངས་འབོར་ཞིག་ཡིན་པ་རེད།
2025-01-06
ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ ཉིན་བོད་ཀྱི་གཞིས་ཀ་རྩེ་ཁུལ་དིང་རི་རྫོང་དུ་ས་ཡོམ་འགུལ་ཚད་ ༧.༡ བརྒྱབ་ཡོད་སྐོར་ཨ་རིའི་ས་ཡོམ་རིག་པའི་ཞིབ་འཇུག་ལས་ཁུངས་ (USGS) ཀྱིས་བསྒྲགས་འདུག་ཅིང་། མི་ ༡༢༦ རྐྱེན་འདས་དང་ཕྱི་ཟླ་ ༡ ཚེས་ ༡༠ ཉིན་ ༣༣༧ ལ་ཕར་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག་བསྒྲགས་པ་འདི་ནི་ཕྱི་ཚེས་ ༧ ཉིན་ས་ཡོམ་གྱི་དོན་རྐྱེན་བྱུང་རྗེས་རྨས་སྐྱོན་ཕོག་པའི་མི་གྲངས་ ༡༨༨ བསྒྲགས་པའི་རྗེས་སུ་གྲངས་འབོར་ཕར་བའི་སྐོར་གཞུང་འབྲེལ་གྱིས་ཕྱི་བསྒྲགས་བྱས་པ་ཐོག་མར་དེ་ཆགས་ཡོད་པ་རེད་་ལ། ས་ཡོམ་གྱིས་རྐྱེན་གྱིས་ཁང་པ་སྟོང་ཕྲག་མང་པོར་གནོད་སྐྱོན་བྱུང་ཡོད་པ་རེད། བོད་ནང་ནས་བོད་མི་ཁག་ཅིག་གིས་གསུངས་པར་གཞིགས་ན། ས་ཡོམ་གོད་ཆག་བྱུང་ཡུལ་དུ་མྱུར་སྐྱོབ་ཆེད་བསྐྱོད་དེ་མི་ཤི་རྨས་ཀྱི་གནས་བབ་དངོས་སུ་མཐོང་དུས་ཉུང་མཐར་མི་གྲངས་ ༢༠༠ རྐྱེན་འདས་སུ་གྱུར་ཟིན་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་སྐོར་ཕྱི་ཚེས་ ༨ ཉིན་བརྗོད་ཡོད་ལ། ་ས་ཡོམ་དང་འབྲེལ་བའི་དྲྭ་ཐོག་གནས་ཚུལ་བཀོད་སྤེལ་བྱེད་མཁན་ ༢༡ ལ་རྒྱ་གཞུང་གིས་ཉེས་ཆད་བཀལ་ཡོད་པ་ཕྱི་ཚེས་ ༡༥ ཉིན་བསྒྲགས་འདུག
2025-01-06
རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་ཕྱི་ལོ་ ༢༠༡༩ ལོར་ཏོག་དབྱིབས་ནད་ཡམས་ཀྱི་ནད་འབུ་བྱུང་པ་ཕྱི་ཟླ་ ༡༢ ཚེས་ ༣༡ ཉིན་ཤེས་རྟོགས་བྱུང་ནས་ལོ་ ༥ འཁོར་བའི་དུས་ཚིགས་འཁེལ་བའི་ཉིན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་གིས་རྒྱ་ནག་གཞུང་ལ་ཏོག་དབྱིབས་ནད་ཡམས་ཀྱི་བྱུང་ཁུངས་ཐད་ཕྱི་གསལ་ནང་གསལ་བཟོ་དགོས་པའི་འབོད་སྐུལ་བསྐྱར་ནན་བྱས་པ་ཞིག་ཡིན་པ་རེད།