ཤོག་དཀར་གསར་བརྗེའི་ལས་འགུལ་བ་འཛིན་བཟུང་བཙན་འཁྲིད།
2023.01.18
རྒྱ་ནག་གི་ཤོག་དཀར་གསར་བརྗེའི་ལས་འགུལ་ནང་མཉམ་ཞུགས་བྱས་རྐྱེན་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས་པའི་རྒྱ་རིགས་བུད་མེད་གཞོན་སྐྱེས་ཞིག་གིས། ཁོ་མོ་འཛིན་བཟུང་མ་བྱས་གོང་བརྙན་ཐུང་ཞིག་ཕབ་ཡོད་པའི་ནང་དུ། ཤོག་དཀར་གསར་བརྗེའི་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་མང་པོ་ཞིག་རིམ་པས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས་དང་བྱེད་མུས་ཡིན་པའི་གནས་སྟངས་ངོ་སྤྲོད་གནང་ནས། འདི་ལྟར་ལས་འགུལ་བ་ཁོང་རྣམས་གར་སོང་ཆ་མེད་དུ་གྱུར་མ་བཅུག་རོགས་ཞེས་སྤྱི་ཚོགས་ལ་འབོད་སྐུལ་བྱས་ཡོད་པའི་སྐོར་ལ་བསོད་ནམས་ལྷ་མོས་གནས་ཚུལ་ཕྱོགས་བསྡུས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།