རྒྱ་ནག་སྲིད་འཛིན་གྱིས་དཔལ་འབྱོར་འཕེལ་རྒྱས་ཆེ་བའི་ས་ཁུལ་མང་པོ་ཞིག་གི་ནང་ཕྱོགས་བསྐྱོད་བྱས་ཡོད་པ།
2020.11.20
རྒྱ་ནག་དང་ཧོང་ཀོང་ཐེ་ཝན་གྱི་ལེ་ཚན་ནང་། རྒྱ་ནག་དང་ཨ་རིའི་དབར་གྱི་འབྲེལ་ལམ་གནས་སྟངས་ཚོད་དཔག་དཀའ་བའི་དུས་དེར། རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གིས་འདས་པའི་དུས་ཡུན་ཐུང་ངུ་ཞིག་ནང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཆེ་བའི་ས་ཁུལ་མང་པོ་ཞིག་ནང་ལས་དོན་ལྟ་ཞིབ་སོགས་ཀྱི་ཆེད་དུ་ཕྱོགས་བསྐྱོད་བྱས་ཡོད་པའི་ཐད་ཕྱི་ཕྱོགས་ནས་ཚོད་དཔག་སྣ་ཚོགས་བྱེད་བཞིན་ཡོད་པའི་སྐོར་འཆི་མེད་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས་ཞུ།།