བུད་མེད་སྒེར་ལངས་ཐེངས་ང་གཉིས་པར་སྲུང་བརྩི།
2011.03.14

༄༅༎རེས་གཟའ་སྤེན་པའི་ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ནས་ བུད་མེད་སྒེར་ལངས་ཐེངས་༥༢པ་དེ་བཞིན་ བོད་ནང་གི་བུད་མེད་རྩོམ་པ་པོའི་རྩོམ་བྲིས་ཀྱི་སྙིང་སྟོབས་ལ་ལེགས་སྐྱེས་སུ་ཕུལ་གནང་འདུག། ཉིན་དེར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་Constitution Club ཚོགས་ཁང་ནང༌། བོད་ནང་གི་བུད་མེད་རྩོམ་པ་པོ་འཇམ་དབྱངས་སྐྱིད་ལགས་ཀྱིས་རྩོམ་བྲིས་གནང་བའི་ མནར་གཅོད་བཏང་བའི་བརྒྱུད་རིམ། བཅར་རྡུང་གི་ཉིན་དེབ་། ཞེས་པ་དེ་འགྲེམས་སྤེལ་གནང་ཡོད་པ་དང༌། དེ་རྗེས་འཇམ་དབྱངས་སྐྱིད་ལགས་ཀྱི་རྩོམ་བྲིས་ལ་བསྔགས་བརྗོད་ཀྱི་བཞུགས་མོལ་ལྷན་ཚོགས་ཤིག་ཀྱང་གནང་འདུག།
བཞུགས་མོལ་ལྷན་ཚོགས་དེའི་ནང་ བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་དང༌། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས། རྒྱ་གར་གྱི་Samta ཚོགས་པའི་ཚོགས་གཙོ་ཟུར་པ་Jaya Jaitley
རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་Nafisa Ali གསར་འགོད་པ་Nilanjana S Royབཅས་མཉམ་ཞུགས་གནང་ཡོད་ཅིང༌། རྩོམ་པ་པོ་Swati Chopraས་བཞུགས་མོལ་ལྷན་ཚོགས་དེའི་གཙོ་སྐྱོང་གནང་འདུག།