རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ།
2010.10.18
༄༅༎དེ་རིང་གི་གསར་འགྱུར་དང་འབྲེལ་བའི་ལེ་ཚན་གྱི་ནང་དུ་ཨ་མེ་རི་ཀའི་གྲོས་ཚོགས་ཀྱི་རྒྱ་ནག་གི་འགན་འཛིན་ཚོགས་ཆུང་གིས་ཉིས་སྟོང་བཅུ་ལོའི་སྙན་ཐོ་འདོན་སྤེལ་གནང་བའི་ནང་།རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་འདས་པའི་ལོའི་ནང་ཇེ་ཞེན་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང༌།ཨ་རི་གཞུང་ནས་རྒྱ་ནག་གཞུང་ལ་བོད་དོན་སྐོར་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གམ།ཡང་ན་༸གོང་ས་མཆོག་གི་སྐུ་ཚབ་ལྷན་དོན་ཕན་ལྡན་པའི་གྲོས་མོལ་ཞུས་དགོས་རྒྱུའི་རེ་སྐུལ་གནང་དགོས་ལུགས་གསལ་བཏོན་གནང་ཡོད་སྐོར་རིག་ལྡན་སྒྲོལ་མ་ལགས་ཀྱིས་ཕྱོགས་བསྒྲིགས་གནང་བའི་གནས་ཚུལ་ཞིག་གསན་རོགས༎