དབུས་གཙང་སྤྱི་འཐུས་ཀྱི་ཁ་སྐོར་འོས་བསྡུ།
2011.06.20
༄༅༎དེ་རིང་གི་གསར་འགྱུར་དང་འབྲེལ་བའི་ལེ་ཚན་གྱི་ནང་དུ་བོད་མི་མང་སྤྱི་འཐུས་སྐབས་༡༥པའི་འོས་བསྡུའི་སྐབས་བརྒྱ་ཆ་མ་ལོང་བའི་དབུས་གཙང་ཆོ་ཁའི་སྤྱི་འཐུས་གཉིས་ཀྱི་ཁ་སྐོར་འོས་བསྡུ་དེ་བོད་མི་གནས་འཁོད་ས་གནས་ཁག་༤༣ནང་གནང་ཡོད་པའི་སྐོར་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་སུ་རིག་ལྡན་སྒྲོལ་མ་ལགས་ཀྱིས་གནས་འདྲི་ཞུས་ཡོད༎