རྒྱ་མིས་བརྒྱ་དཔོན་འཛིན་བཟུང༌།
2011.05.05

༄༅༎ཕྱི་ལོ་༢༠༡༡ ཟླ་༥ ཚེས་༡ ཉིན་མདོ་ཁམས་རྫ་ཁོག་ཐང་འཇུག་གྲོང་སྡེའི་བརྒྱ་དཔོན་བློ་བཟང་དཔལ་ལྡན་རང་ལོ་༣༤ ཙམ་སོན་པ་ཞིག་རྒྱ་མིས་འཛིན་བཟུང་གིས་ད་ལྟར་སྡེ་དགེ་རྫོང་དུ་བཀག་ཉར་བྱས་ཡོད་འདུག ཁོང་ཉིད་འཛིན་བཟུང་བྱེད་དོན་ནི་ཁོང་གི་སྡོད་གནས་དང་ཉེ་སར་པང་ལེབ་ཅིག་གི་སྟེང་དུ་བོད་ལ་རང་དབང་དགོས་པ་དང་རྒྱལ་བ་རིན་པོ་ཆེན་སྐུ་ཚེ་བརྟན་པར་ཤོག་ཅེས་སོགས་བྲིས་ཏེ་རང་མིང་བཀོད་པ་དང་གྲོང་ཚོ་དེས་མཆོད་རྟེན་ཞིག་གསར་བཞེངས་ཀྱི་འགོ་འཁྲིད་བཞིན་པའི་སྐབས་སུ་གློ་བུར་རྒྱ་དམག་འགའ་ཤས་ཁོང་གི་སྡོད་གུར་ནང་དུ་འཛུལ་ནས་བསྔོག་གཤེར་བྱས་པས་བོད་དོན་གྱི་ས ྦྱར་ཡིག་མང་པོ་ཐོན་ཡོད་པ་རེད། སྦྱར་ཡིག་དེའི་ནང་དུའང་རྗོད་ཚིག་གོང་ལྟར་གཅིག་མཚུངས་སུ་བྲིས་ཡོད་པའི་གནས་ཚུལ་འབྲེལ་ཡོད་ནས་བཤད་བྱུང་། སྤྱིར་་རྫ་ཁོག་དགོན་གསར་དགོན་པར་སྐྱ་སེར་གཉིས་ཀྱིས་ཕྱི་ལོ་༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་པོའི་སྐབས་སྐྱ་སེར་རིགས་མེད་མི་གྲངས་༢༨ ཐམ་པ་འཛིན་བཟུང་བྱས་ཡོད་པ་དང་མི་དགུ་ཐམ་པ་གར་སོང་ཆ་མེད་དུ་གྱུར་པའི་གནས་ཚུལ་ཀྱང་གསལ་བར་བཤད་བྱུང་། དེའི་ནང་ནས་གྲྭ་བ་གཅིག་འདས་གྲོངས་སུ་གྱུར་ཡོད་པ་དང་། ད་ལྟའི་ཆར་མི་གྲངས་བདུན་ཙམ་བཙོན་རྡུང་མནར་གཅོད་ལས་གློད་གྲོལ་ཟིན་ཡང་གྲྭ་བ་ལྔ་ལ་བརྡུང་རྡེག་མནར་གཅོད་ཀྱིས་ནད་བཅོང་དུ་གྱུར་ཡོད་པ་རེད།།