༸གོང་ས་མཆོག་དང་རྒྱ་གར་སྲིད་བློན་མཇལ་འཕྲད།
2010.08.25
༄༅༎ཉེ་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིངྷ་མཆོག་རྣམ་གཉིས་མཇལ་འཕྲད་གནང་བ་དེར་རྒྱ་ནག་གཞུང་ནས་སྐྱོན་བརྗོད་ཞུས་པའི་གནད་དོན་ལ་གསར་འགོད་པས་༸གོང་ས་མཆོག་ལ་དགོངས་ཚུལ་བཀའ་འདྲི་ཞུས་པ་སོགས་ཀྱི་སྐོར་རིག་འཛིན་ཆོས་སྒྲོན་ལགས་ནས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པར་གསན་རོགས༎