བོད་ནང་གྲྭ་༣༠༠འཛིན་བཟུང་།

རྒྱ་གཞུང་གིས་བོད་ཨ་མདོ་རྔ་པ་ཀརྟི་དགོན་པའི་དགེ་འདུན་པ་༣༠༠འཛིན་བཟུང་བྱས་ཡོད་པའི་གནས་ཚུལ།

2011.04.22
བོད་ཨ་མདོ་རྔ་བ་ཀརྟི་དགོན་པའི་འདྲ་པར།
ཀ་ཉག་ཚེ་རིང༌།
གསར་འགྱུར་ལ་གསན་རོགས།

༄༅༎ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༢ ཉིན་འབྱོར་བའི་བོད་ཨ་མདོ་རྔ་པའི་གནས་ཚུལ་ཁག་ཅིག ཕྱི་ཚེས་ ༢༡ ཉིན་གྱི་མཚན་མོའི་དུས་ཚོད་ ༩ ཙམ་ནས་དགོན་པའི་གླིང་གི་གྲྭ་ཤག་རེ་རེ་བཞིན་དུ་དྲག་ཆས་ དམག་དཔུང་དང་། ཉེན་རྟོག་མི་སྣ། དམིགས་བསལ་ཉེན་རྟོག་པ་(ཐུའེ་ཅིན་)བཅས་འགྲེམ་འཇོག་བྱས་ཏེ་བཀག་སྡོམ་ནན་མོ་བྱས་པ་དང། དེ་སྔ་ནས་ཞིབ་འཇུག་དང་འཆར་གཞི་བཀོད་པ་ལྟར་དགེ་ འདུན་པ་ ༣༠༠ ལྷག་འཛིན་བཟུང་གིས་སྤྱི་སྤྱོད་རླངས་འཁོར་ཆེ་ཤོས་བཅུ་གྲངས་ཤིག་གི་ནང་བླུགས་ནས་ས་གནས་གཞན་དུ་ཁྱེར་ཡོད་པ་དང་། ཡུལ་མི་ཚོས་གོ་ཚོད་ལྟར་ན་གྲྭ་པ་རྣམས་རྔ་པ་རང་སྐྱོང་ཁུལ་ཁོངས་ཀྱི་ཝུན་ཁྲན་རྫོང་དང་། མོང་འུན་རྫོང་། བཀྲ་ཤིས་གླིང་(ནས་ཤན་)བཅས་སུ་ཁྱེར་ཡོད་པའི་སྐོར། ལྐལ་ལྡན་བློ་གྲོས་ལགས་ཀྱིས་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱེད་པའི་ཀརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་སྐུ་ཞབས་ཀ་ཉག་ཚེ་རིང་ལགས་སུ་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞུས་པ་ཞིག་ལ་གསན་རོགས་ཞུ༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎