རྒྱ་གཞུང་གིས་འཇམ་དབྱངས་བསྟན་འཛིན་གློད་བཀྲོལ་བཏང་ཡོད་པ།
2010.10.27
༄༅༎༢༠༠༧ལོར་རོང་རྒྱལ་ཨ་གྲགས་ལགས་ཕྱི་ཟླ་༨པའི་ནང་འཛིན་བཟུང་བྱས་པའི་རྗེས་སུ། ཕྱི་ཟླ་༡༠པའི་ཚོས་༣གྱི་ཉིན་ཁམས་ལི་ཐང་ཁུལ་ནས་འཛིན་བཟུང་བྱས་པའི་འཇམ་དབྱངས་བསྟན་འཛིན་ལགས་ལོ་གསུམ་རིང་བཙོན་འཇུག་བྱས་པའི་རྗེས། ཉེ་དུས་ཕྱི་ཚེས་༨ཀྱི་ཉིན་གློད་བཀྲོལ་བཏང་ཡོད་པའི་སྐོར། རིག་ལྡན་སྒྲོལ་མ་ལགས་ཀྱིས་དགའ་ལྡན་སྦྱང་བརྩེ་གྲྭ་ཚང་ནང་ཡོད་པའི་བློ་བཟང་ཟླ་བ་རིན་པོ་ཆེ་ལ་བཀའ་འདྲི་ཞུས་པ་ཞིག་ལ་གསན་རོགས༎