ཚེ་སྒྲོན་ལ་ཉེས་རྡུང་བཏང་།

དགའ་ལྡན་ལྔ་མཆོད་སྐབས་ལྷ་ས་གྲོང་ཁྱེར་ཉེན་རྟོག་པས་བོད་པའི་བུད་མེད་ཅིག་ལ་ཉེས་རྡུང་བཏང་ནས་དྲན་མེད་བཟོས།

2010.12.06
དགའ་ལྡན་ལྔ་མཆོད་སྐབས་ལྷ་ས་གྲོང་ཁྱེར་ནང་ཉེན་རྟོག་པས་དྲམ་བསྒྲགས་ཆེན་པོ་བྱེད་བཞིན་པ།
བོད་ནས་འབྱོར་བ།

༄༅ ཉེ་སྔོན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མི་རྣམས་ཀྱི་དགའ་ལྡན་ལྔ་མཆོད་སྲུང་བརྩི་གནང་བའི་སྐབས་གྲོང་ཁྱེར་ཉེན་རྟོག་དམག་མིས་བོད་མིའི་ཐོག་དམ་དྲག་ཤུགས་ཆེ་བྱས་པའི་ནང་ཁམས་ནས་ཡིན་པའི་བུད་མེད་ན་གཞོན་ཞིག་ལ་ཉེན་རྟོག་པས་ཉེས་རྡུང་འཚབ་ཆེ་བཏང་ནས་དྲན་མེད་བཟོས་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག། དེ་ཡང་ང་ཚོའི་ཨོ་སེ་ཌེ་ལི་ཡའི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་ཀྱིས་གནས་ཚུལ་བཏང་དོན་ལྟར་ན བོད་ཀྱི་ཁམས་སྡེ་དགེའི་ས་གནས་མ་ནི་གང་འགོ་ནས་ཡིན་པའི་བོད་རིགས་བུད་མེད་ན་གཞོན་ རང་ལོ་ ༢༠་ ཙམ་ཡིན་པའི་ཚེ་སྒྲོན་ལ་ ལྷ་སའི་བར་བསྐོར་གྱི་ཉེན་རྟོག་པ་ཞིག་གིས་ཉེས་རྡུང་ཚབས་ཆེ་བཏང་ནས་དྲན་མེད་བཟོ་ཡོད་པ་དང་ ཚེ་སྒྲོན་ད་ལྟ་ཡང་སྨན་ཁང་ནང་དུ་དྲན་མེད་དུ་མུ་མཐུད་ནས་གནས་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག་། བོད་རིགས་བུད་མེད་ཚེ་སྒྲོན་ནི་ལྷ་སའི་བར་བསྐོར་ནང་དུ་བཟའ་ཐུང་གི་དགོས་མཁོ་རྩག་རྩིག་ཚོང་ཁང་གི་བདག་པོ་ཡིན་པ་དང་ རྒྱ་ནག་གི་ས་གནས་ཉེན་རྟོག་པས་ དགའ་ལྡན་ལྔ་མཆོད་སྐབས་བོད་མི་མང་པོ་འདུ་འཛོམས་སྐབས་བོད་རིགས་རྣམས་ལ་དམ་དྲག་དང་ ཚེ་སྒྲན་ལྟ་བུའི་བོད་རིགས་རྣམས་ཀྱི་ཚོང་ཟོག་བཙན་འཕྲོག་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད་འདུག་། ང་ཚོའི་གསར་འགོད་པར་བོད་ནས་ཁུངས་ལྡན་མི་སྣས་འགྲེལ་བརྗོད་གནང་དོན་ལ་

                དེ་མ་ཟད་བོད་རིགས་རྩོམ་བྲིས་པ་འོད་ཟེར་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་གི་ལེ་ཚན་ནང་ རྒྱ་ནག་གིས་བོད་ཀྱི་ལྷ་སའི་ནང་དྲག་ཆས་གོ་མཚོན་ཐོགས་པའི་དམག་མི་མང་དུ་བཏང་ཡོད་པ་དང་ ཐད་ཕུར་གནམ་གྲུས་བོད་མི་གནས་ཡུལ་ས་ཁུལ་དུ་ཕུར་བསྐྱོད་ཀྱི་ལྟ་སྲུང་འཇིགས་བསྐུལ་བྱེད་ཀྱི་ཡོད་པ་དང་ ལྷག་དོན་དུ་ བོད་མི་སྡོད་ཡུལ་ཀརྨ་ཀུན་བཟང་ཁུལ་དེར་དྲག་ཆས་ཐོག་པས་དམག་མི་མང་ནས་བཏང་ནས་ ཨི་རག་གི་སྦག་རྡག་ལྟ་བུའི་དངངས་སྐྲག་གི་ཁོར་ཡུག་ཏུ་བསྒྱུར་ཡོད་པ་འགྲེལ་བརྗོད་གནང་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎