ཀིརྟི་དགོན་པའི་དགེ་འདུན་པ་གཉིས་ནས་རང་ལུས་མེར་བསྲེགས་བཏང༌།
2011.09.26
༄༅༎ཐེངས་འདིའི་གསར་འགྱུར་དང་འབྲེལ་བའི་ལེ་ཚན་གྱི་ནང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བཀའ་ཤག་གཉིས་ནས་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་ཡོད་པར་བློ་འཚབ་ཆེན་པོ་གནང་བ་དང་ཆབས་ཅིག་རྒྱ་ནག་གཞུང་ལ་བོད་ཀྱི་དཀའ་རྙོག་གང་མྱུར་སེལ་དགོས་རྒྱུའི་སྐུལ་ལྕགས་གནང་ཡོད་པའི་སྐོར་རིག་ལྡན་སྒྲོལ་མ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎