༸གོང་ས་མཆོག་གི་དབྱིན་ཡུལ་གྱི་མཛད་འཕྲིན།
2008.05.23

ཨེ་ཨེཕ་པི།
༄༅༎བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་ཀྱི་ཡུལ་གྲུ་འཇར་མེ་ནིའི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་དབྱིན་ཡུལ་དུ་ཞབས་སོར་འཁོད་སྐབས་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་ཆེ་བསྟོད་ཕྱག་འཁྱེར་ཕུལ་བ་དང་དབྱིན་ཇིའི་རྒྱལ་སྲས་པྲིནས྄་ཆཱལས྄་མཆོག་ནས་ཕེབས་བསུ་ཞུས་ཡོད་པ་རེད། དེ་བཞིན་དབྱིན་ཇིའི་སྲིད་བློན་གཙོས་དབུ་འཁྲིད་ཁག་ཅིག་གི་ལྷན་མཇལ་མོལ་གནང་རྒྱུའི་མཛད་འཆར་ཡོད་པའི་གནས་ཚུལ་འདུག།